བོད་རིགས་བརྗོད་དོན་གྱི་བརྙན་ཕྲན《འཁྱགས་ཀྱི་རྒྱ་སེ》ཕབ་སྐྲུན་མཛད་སྒོ་དེ་ལྷ་སར་སྤེལ།
བོད་རིགས་བརྗོད་དོན་གྱི་བརྙན་ཕྲན《འཁྱགས་ཀྱི་རྒྱ་སེ》ཕབ་སྐྲུན་མཛད་སྒོ་དེ་ལྷ་སར་སྤེལ།
ཉེ་ལམ། དངོས་ཡོད་ཀྱི་གཏམ་རྒྱུད་རྒྱབ་ལྗོངས་བྱས་ཤིང་། བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས“བོད་ཀྱི་དྲི་ཞིམ་ཆུ”བརྗོད་དོན་དུ་བཟུང་བའི་བརྙན་ཕྲན《འཁྱགས་ཀྱི་རྒྱ་སེ》ཞེས་པའི་ཕབ་སྐྲུན་མཛད་སྒོ་དེ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ས་ཁུལ་རིག་གནས་ལྟེ་གནས་སུ་སྤེལ།
གློག་བརྙན་ཁྲོད་སྒྲོལ་མ་འཁྲབ་སྟོན་བྱེད་མཁན་ཚེ་རིང་བདེ་སྐྱིད་དང་དབང་རྒྱལ་འཁྲབ་སྟོན་བྱེད་མཁན་དབང་གྲགས།
བརྙན་ཕྲན་འདིས་གསར་རྙིང་ཞིབ་བསྡུར་དང་། ལྷ་སར་འགྱུར་ལྡོག་ཆེན་མོ་བྱུང་བ། མི་ཡུལ་ལ་བརྩེ་དུང་རྣལ་མ་ཕུལ་བ་བཅས་བསྟན་ཞིང་། ཀྲུང་གོའི་གློག་བརྙན་མཐུན་ཚོགས་ཀྱི་འགན་འཛིན་དང་རྩོམ་པ་པོ། འཁྲབ་གཞུང་རྩོམ་པ་པོ་དབྱང་ཉེན་ཧྭ་ཡིས་མཚམས་སྦྱོར་བྱེད་དོན། བརྙན་ཕྲན་འདིས་གཙོ་ཆེར་བླ་མ་བསྟན་འཛིན་གྱིས་དགོན་པའི་ཐང་ག་སློབ་གཉེར་བ་དབང་རྒྱལ་གློ་བུར་དུ་སྔུན་དུ་བོས་ཏེ“བོད་ཀྱི་དྲི་ཞིམ་ཆུ”བཟོ་བའི་གསང་བའི་ཐབས་བསྩལ་ནས། དབང་རྒྱལ་ལ་ཡུན་རིང་དུ་ཉམས་དམས་སུ་སོང་བའི་བོད་ཀྱི་དྲི་ཞིམ་ཆུ་དར་རྒྱས་སུ་གཏོང་བར་སྐུལ་ལྕགས་གནང་།