ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་དུ་སྟོན་བསྡུའི་རྟ་རྒྱུག་འགྲན་བསྡུར་སྤེལ་བ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-08-03
ཀློག་གྲངས།:
སྤྱི་ཟླ7པའི་ཚེས28ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་དུ་ལོ་རེའི་སྟོན་བསྡུའི་རྟ་རྒྱུག་འགྲན་བསྡུར་སྤེལ་ཞིང་། མང་ཚོགས་རྣམས་འདུ་འཛོམས་ཀྱིས་འདུ་འཛིའི་ཡོ་ལང་ཤིན་ཏུ་རྒྱས། འདི་ནི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་བྱ་འགུལ་གྱི་གྲས་ཤིག་ཡིན་ཏེ། ཏག་ཏག་ལོ་ལེགས་རྒྱས་པའི་སྐབས་དང་བསྟུན། བོད་ལྗོངས་ཀྱི་ས་ཁུལ་སོ་སོའི་ཞིང་འབྲོག་མང་ཚོགས་ཀྱིས་རང་སོ་སོ་ནས་བྱ་འགུལ་སྣ་ཚོགས་སྤེལ་ཏེ་སྟོན་བསྡུ་ལ་བསུ་མ་བྱེད་ཀྱིན་ཡོད།
འབྲེལ་ཡོད་འོས་སྦྱོར།