ཕྱིར་ལོག་བོད་རིགས་སྤུན་ཟླ་ཚོ་ལྷན་དུ་འཛོམས་ཏེ་གནམ་ལོ་གསར་ཚེས་བསུ་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2017-02-17
ཀློག་གྲངས།:
སྤྱི་ཟླ2ཚེས14ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་ཕྱིར་ལོག་བོད་རིགས་སྤུན་ཟླ་དང་ཕྱིར་སྡོད་བོད་རིགས་སྤུན་ཟླའི་རྒྱལ་ནང་གི་གཉེན་ཉེ་ཚོ་ལྷན་དུ་ཇ་སྟོན་ཚོགས་འདུ་འཚོགས་ཏེ་བོད་མེ་མོ་བྱ་ལོའི་གནས་ལོ་གསར་ཚེས་བསུས་པ་རེད། རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོས་ཇ་སྟོན་ཚོགས་འདུར་ཞུགས་པ་དང་གསུང་བཤད་ཀྱང་གནང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་སྲིད་གཞུང་གི་བློ་འདྲི་ཡུལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་སྐལ་བཟང་ཚེ་རིང་ཇ་སྟོན་ཚོགས་འདུར་ཞུགས་པ་རེད།
བསྟན་ཁོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ཏེ་ཇ་སྟོན་ཚོགས་འདུར་ཞུགས་པའི་ཕྱིར་ལོག་གཏན་སྡོད་བོད་རིགས་སྤུན་ཟླ་དང་ཕྱིར་སྡོད་བོད་རིགས་སྤུན་ཟླའི་རྒྱལ་ནང་གི་གཉེན་ཉེ་ཚོ། དེ་མིན་ཁོང་ཚོ་བརྒྱུད་ནས་རྒྱ་ཆེའི་རྒྱལ་གཅེས་བོད་རིགས་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། བསྟན་ཁོས་2016ལོ་ནི་རང་ལྗོངས་ཀྱིས"ལོ་ལྔ་ཚན་བཅུ་གསུམ"པའི་འཆར་འགོད་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཡིན་པ་དང་། དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚུགས་བསྐྲུན་ཐུབ་པར་བྱེད་རྒྱུ་དང་མཛེས་པའི་བོད་ལྗོངས་འཛུགས་སྐྲུན་གྱི་རྒྱ་ཆེའི་དམིགས་འབེན་ལ་ཕྱོགས་ནས་བསྐྱོད་པའི་ལོ་དང་པོ་ཡིན་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་དབྱང་གིས་སྣེ་ཁྲིད་བརྟན་པོའི་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་བསམ་བློ་གལ་ཆེན་དེ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ"ཕྱོགས་ཡོངས་བཞི"ཡི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་དང་དཔལ་འབྱོར་དང་། མི་རིགས་ཆོས་ལུགས། རིག་གནས། དམངས་འཚོ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་པས། རྒྱལ་ཡོངས་དང་མཉམ་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས།
བསྟན་ཁོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་བོད་རིགས་སྤུན་ཟླ་ཚོའི་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་ལ། སྔ་གཞུག་ཀུན་ཏུ་བོད་རིགས་སྤུན་ཟླའི་དཀའ་ཁག་སེལ་རྒྱུ་དང་། བོད་རིགས་སྤུན་ཟླའི་ཁེ་དབང་སྲུང་སྐྱོར་བྱེད་རྒྱུ་སེམས་སུ་བཞག་ནས་འགན་བབ་ཁུར་བཟོད་ཀྱིས་ལས་དོན་ཁག་ལེགས་པར་བསྒྲུབ་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཏན་སྡོད་བོད་རིགས་སྤུན་ཟླ་དང་ཕྱིར་སྡོད་བོད་རིགས་སྤུན་ཟླའི་རྒྱལ་ནང་གི་གཉེན་ཉེ་ཚོས་མུ་མཐུད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་གྱུར་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། བསམ་བློའི་ཐོག་ནས་སྲོག་ཤིང་གོང་བཀུར་དང་། ཆབ་སྲིད་ཐོག་ནས་སྲོག་ཤིང་གི་རྗེས་འབྲང་། བརྩེ་སེམས་ཐོག་ནས་སྲོག་ཤིང་ལ་ཉེ་བ། བྱ་སྤྱོད་ཐོག་ནས་སྲོག་ཤིང་སྲུང་སྐྱོང་བཅས་བྱས་ཏེ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་ཧུར་ཐག་དང་། བོད་ལྗོངས་ཀྱི་གནམ་ས་བླ་འོག་ཏུ་བསྒྱུར་བའི་འགྱུར་ལྡོག་དྲིལ་སྒྲོག སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་བདེ་སྐྱིད་ཀྱི་འཚོ་བ་དྲིལ་སྒྲོག་བྱེད་པ་མ་ཟད། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོར། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་བློ་གྲོས་དང་ནུས་ཤུགས་འདོན་པའི་རེ་སྐུལ་གནང་བ་རེད།
ཇ་སྟོན་ཚོགས་འདུའི་ཐོག བསྟན་ཁོ་དང་སྐལ་བཟང་ཚེ་རིང་རྣམ་གཉིས་ཀྱིས་ལྷན་རྒྱས་དང་ཕན་ཚུན་གྲོ་སོ་ཕྱེ་མར་ཕུད་གཏོར་གནང་རེས་དང་མཇལ་དར་སྒྲོན་རེས་གནང་ནས་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་སྨོན་འདུན་མཚོན་པར་གནང་བ་རེད།

འབྲེལ་ཡོད་འོས་སྦྱོར།