ཡོངས་འཛིན་བོད་ཡིག་འཚོལ་བཤེར་གྱི་རྡེབ་ཚད་མི་ཁྲི7500ལ་སླེབས།
རྩོམ་པ་པོ།:མི་ཆུང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-02-10
ཀློག་གྲངས།:
ཡོངས་འཛིན་གྱི་གཙོ་ངོས།
ཡོངས་འཛིན་འཚོལ་བཤེར་མ་ལག་ནི2013ལོའི་ཟླ4བ་ནས་མགོ་བརྩམས་ལ། མིག་སྔར་ཀྲུང་གོའི་ནང་ཁུལ་གྱི་བོད་ཡིག་དྲ་བ་དག་གི་གཅིག་གྱུར་གྱི་འཇུག་སྒོ་ཞིག་ཡིན། དེར་གསར་འགྱུར་དང་དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས་་སོགས་འཚོལ་བཤེར་དང་བོད་ཡིག་གི་རིག་མཛོད་དང་ཡིག་ཚང་། དྲིས་ལན་བཅས་ལེ་ཚན་ཆེ་ཁག་བརྒྱད་དུ་བཀར་ཡོད་པ་དང་། ལས་གཉེར་མི་སྣའི་ཁྲོད་བོད་རིགས་ཀྱིས89%ཟིན་ཡོད།
དྲ་ངོས་ནས་འཚོལ་བཤེར་བྱས་འབྲས།
བརྙན་རིས་ལས་འཚོལ་བཤེར་བྱས་འབྲས།
ཡིག་ཚང་ལས་འཚོལ་བཤེར་བྱས་འབྲས།
དེ་ལས་གཞན། སྒུལ་བདེའི་དུད་སྣེ་ཐད། མིག་སྔར་ཡོངས་འཛིན་འདིiosམ་ལག་ཅན་གྱི་ཁ་པར་ནང་ཕབ་ལེན་བྱེད་ཐེངས27100དང་། ཨན་ཊོ་མ་ལག་ཅན་གྱི་ཁ་པར་ནང་ཕབ་ལེན་བྱེད་ཐེངས56349ལ་སླེབས་ཡོད་ལ། བསྡོམས་པས་ཐེངས་གྲངས83449ལ་སླེབས་ཡོད་པ་རེད།
ཡོངས་འཛིན་སྒུལ་བདེའི་དུད་སྣེའི་གཙོ་ངོས།
གསར་འགྱུར་གྱི་པར་ངོས།
རིག་མཛོད་ཀྱི་པར་ངོས།
ཚེ་ལོས་བསྟན་དོན། རྗེས་མར་ང་ཚོས་བོད་ཡིག་འཚོལ་བཤེར་མ་ལག་གི་ཚོང་ལམ་བཏོད་དགོས་ལ། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྨང་གཞིའི་སྟེང་། ཡོངས་འཛིན་གྱི་འཁོར་རྒྱུག་དེའང་གཞུང་ཕྱོགས་ནས་ཁེ་ལས་ཅན་དུ་བསྒྱུར་ནས། ཁྲོམ་རའི་ནུས་པ་སྔོག་འདོན་དང་ཡོངས་འཛིན་འཚོལ་བཤེར་གྱི་འཕེལ་རྒྱས་དེ་མགྱོགས་མྱུར་ངང་གོང་དུ་སྤེལ་དགོས།
འབྲེལ་ཡོད་འོས་སྦྱོར།