རང་ཞིང་ནས་རྒྱ་བོད་སོག་གསུམ་གྱི་སྨན་པ་གྲགས་ཅན20བདམས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།
དུས་ཚོད།:2017-01-11
ཀློག་གྲངས།:
རང་ཞིང་ནས་རྒྱ་བོད་སོག་གསུམ་གྱི་སྨན་པ་གྲགས་ཅན20བདམས་པ།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ། མཚོ་སྔོན་གྱི་རྒྱ་སྨན་དང་བོད་སྨན། སོག་སྨན་བཅས་ལུགས་སོ་སོའི་སྨན་པ་གྲགས་ཅན20བདམས་ཐོན་བྱུང་བ་རེད།འདེམས་བསྐོའི་བྱེད་སྒོ་དེ2016ལོའི་ཟླ་བདུན་ནས་བཟུང་མགོ་བརྩམས། གཙོ་བོ་གཞི་རིམ་ནས་གོང་རིམ་བཅས་རིམ་པ་བཞིན་དུ་མཚམས་སྦྱོར་བྱས་པ་དང་། ཆེད་མཁས་པས་དཔྱད་བསྡུར་དང་ཞིབ་བཤེར། སྤྱི་ཚོགས་སྟེང་ཡོངས་བསྒྲགས་བྱས་པ་བཅས་བརྒྱུད་མཚོ་སྔོན་ཞིང་ཆེན་དུ་ཡོད་པའི་རྒྱ་སྨན་དང་བོད་སྨན། སོག་སྨན་བཅས་ལུགས་སོ་སོའི་སྨན་པ་གྲགས་ཅན20བདམས་ཐོན་བྱུང་།། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལུའུ་ཧྭ་སོགས་མི11ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་སྨན་གྱི་སྨན་པ་གྲགས་ཅན་གྱི་མཚན་སྙན་གནང་བ་དང་། དབང་ཆེན་ཚེ་བརྟན་སོགས་མི8ལ་མཚོ་སྔོན་ཞིང་ཆེན་བོད་སྨན་གྱི་སྨན་པ་གྲགས་ཅན་གྱི་མཚན་སྙན་གནང་། ཧུང་པེན་ལ་མཚོ་སྔོན་ཞིང་ཆེན་སོག་སྨན་གྱི་སྨན་པ་གྲགས་ཅན་གྱི་མཚན་སྙན་གནང་།
བྱ་དགའ་ཐོབ་པའི་སྨན་པ་གྲགས་ཅན།
འབྲེལ་ཡོད་འོས་སྦྱོར།