ཁྱེད་ཀྱི་བདེ་འཇགས་ནི་ང་ཡི་བདེ་སྐྱིད་ཡིན།
དཀའ་སྡུག་ཁུར་ཏུ་བཟོད་ཕོད་པའི་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས།
སྤྱི་ལོ2017ལོའི་སྤྱི་ཟླ1པོའི་ཚེས1ཉིན། མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱི་འགན་ཁུར་པ་དག་གིས་ཚེས་གཅིག་ཉིན་ཁ་བ་བབས་པས་ལམ་གྱི་འགྲུལ་བཞུད་དཀའ་པར་དམིགས་ནས་མགོ་མང་རྒྱ་རིང་དང་མདོ་རྩེ་རུ་སོང་སྟེ་ཁངས་ཕྱགས་པའི་བྱ་འགུལ་ཞིག་སྤེལ། ཉིན་དེར་མཐུན་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་རྒྱལ་གྱིས་སྣེ་ཁྲིད་དེ་སྡེ་བ་སོ་སོའི་ཚན་གཙོ་དང་ཚན་གཙོ་གཞོན་པ་ཡོངས། ཁྱོན་མི་གྲངས་སུམ་ཅུ་ལྷག་གིས་གྲུབ་པའི་ཁོར་སྲུང་དང་བླངས་པ་འདི་དག་གིས་དགུན་ཁའི་ཙག་དང་བུ་ཡུག་གི་དཀའ་བ་དང་དུ་བླངས་ནས། ལག་ཏུ་ལྕགས་ཁེམ་དང་ཕྱགས་མ་ཐོགས་ཏེ་མགོ་མང་རྒྱ་རིང་ནས་མདོ་རྩེ་ཉག་ཁའི་བར་གྱི་གཞུང་ལམ་དུ་རྡོ་ཟེགས་གཏོར་པ་དང་ཁངས་ཕྱགས་པ་སོགས་དེ་ལ་དེ་འཚམ་གྱི་ཐབས་ལམ་སྤྱད་ནས་ལམ་ཐོག་གི་ཁངས་མེད་པར་བཟོས་ཤིང་། གཞུང་ལམ་འདིའི་སྟེང་གི་འགྲུལ་བ་ཁྲི་སྟོང་མང་པོར་བདེ་འཇགས་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ལ་ཞབས་འདེགས་གང་མང་ཞུས་པས། ཡུལ་འདིར་བརྒྱུད་བཞིན་པའི་མགྲོན་པོ་ཚོས་བསྟོད་པའི་མེ་ཏོག་གཏོར་བཞིན་རང་རང་དམིགས་སའི་གནས་སུ་བདེ་འཇགས་ངང་བསྐྱོད་བཞིན་འདུག
རྒྱ་རིང་ངོས་དང་མདོ་རྩེ་ལ་ཡི་གཞུང་ལམ་གྱི་ཁངས་ཕྱགས་བཞིན་པ།
ལམ་གྱི་མགྲོན་པོར་བདེ་འཇགས་དཔལ་དུ་བསྐྲུན།
རྒྱ་རིང་ངོས་དང་མདོ་རྩེ་ལ་ཡི་གཞུང་ལམ་གྱི་ཁངས་ཕྱགས་བཞིན་པ།
མདོ་རྩེ་ལ་ཡི་གཞུང་ལམ་གྱི་ཁངས་ཕྱགས་བཞིན་པ།
མདོ་རྩེ་ལ་ཡི་གཞུང་ལམ་གྱི་ཁངས་ཕྱགས་བཞིན་པ།