logo

ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མདའ་འཕེན་ཕུལ་བྱུང་འགྲན་སྡུར་སྐབས་གཉིས་པ་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-09-06 ཀློག་གྲངས།:


ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་མདའ་འཕེན་ཕུལ་བྱུང་འགྲན་སྡུར་སྐབས་གཉིས་པ་བསྡུས།


འབྲེལ་ཡོད་འགོ་ཁྲིད་ཀྱིས་གཞུ་ཐིག་འཐེན་ཏེ་འགྲན་སྡུར་དངོས་སུ་མགོ་རྩོམ་པ།


དར་ཚོན་རུ་ཁག


ཁ་བཏགས་དཀར་པོའི་མཆོད་པ།


མདའ་མོ་འཁུར་བ།


ཨ་རིའི་རུ་ཁག


དབྱིན་ཇིའི་རུ་ཁག


ཧྥ་རན་སིའི་རུ་ཁག


གྷི་རི་སིའི་རུ་ཁག


མཚོ་ལྷོ་ཁུལ་གྱི་རུ་ཁག


རུ་ཁག་རྣམས་གྲལ་སྒྲིག་པ།


འབེན།


མདའ་མོ་འཐེན་པ།

     སྤྱི་ཟླ9བའི་ཚེས4ཉིན་གྱི་སྔ་དྲོའི་དུས་ཚོད10:00སྟེང་། ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་མདའ་འཕེན་ཕུལ་བྱུང་འགྲན་སྡུར་སྐབས་གཉིས་པའི་མགོ་རྩོམ་པའི་མཛད་སྒོ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བདེ་སྐྱིད་ཐང་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་ཚོགས་ཤིང་། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་སྐུ་མགྲོན། གསར་འགྱུར་སྨྱན་བྱད་སོ་སོའི་གསར་འགོད་པ། ལྟད་མོ་བ་སོགས་མི6000ལྷག་མདའ་འཕེན་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་། མཛད་སྒོའི་སྟེང་ངོ་མཚར་ལྡན་པའི་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས།
     རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མདའ་འཕེན་འགྲན་སྡུར་ནི་ཀྲུང་གོའི་མདའ་འཕེན་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱིའི་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་ལྷོ་ཁུལ་གུང་ཧོ་རྫོང་གིས་སྒྲུབ་འགན་ཁུར་ཡོད། ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན། མོང་གོལ་སོགས་རྒྱལ་ཁབ་ཉི་ཤུ་དང་ས་ཁུལ་ལྔ་བཅུ་ལྷག་ནས་ཡོང་བའི་མདའ་འཕེན་རུ་ཁག120ལྷག་ཐེངས་འདིའི་མདའ་འཕེན་འགྲན་སྡུར་ལ་ཞུགས་ཡོད་པ་དང་། འགྲན་ཞུགས་མདའ་བ1000ཙམ་ཡོད། མདའ་བ་དེ་དག་གིས་ཉིན་གསུམ་གྱི་འགྲན་སྡུར་ཁྲོད་མཛའ་མཐུན་གཙོ་བོར་བཟུང་ནས་རྣམ་གྲངས་སོ་སོའི་འགྲན་སྡུར་ལ་ཞུགས་རྒྱུ་རེད། ཐེངས་འདིའི་འགྲན་སྡུར་ལ་ལྕགས་གཞུ་དང་། གཞུ་འཁོར་ལོ་མ། རྭ་གཞུ་སོགས་འགྲན་སྡུར་གྱི་རྣམ་གྲངས5ཡོད།
     མདའ་འཕེན་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོའི་སྟེང་རྒྱལ་དར་དང་ཚོགས་དར་བཟུང་བའི་གཟབ་སྦྲེང་རུ་ཁག་དང་རུ་ཁག་སོ་སོའི་ལུས་རྩལ་པ། ཤན་འབྱེད་པ་སོགས་རིམ་པ་བཞིན་ཚོགས་རར་ཡོང་། མཛད་སྒོའི་སྟེང་ཀྲུང་གོའི་མདའ་འཕེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཀྲན་ཆི་དང་གུང་ཧོ་རྫོང་གི་རྫོང་དཔོན་དཔལ་ལྡན་གཉིས་ཀྱིས་ཞུ་ཚིག་ཕུལ་བ་དང་། ལུས་རྩལ་པའི་འཐུས་མི་དང་ཤན་འབྱེད་པའི་འཐུས་མིས་དམ་བཅའ་བཞག
     ཐེངས་འདིར་གུང་ཧོ་རྫོང་གིས་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་མི་རིགས་སྲོལ་རྒྱུན་དར་སྤེལ་བྱས་ཤིང་། མདའ་འཕེན་རྩལ་ནུས་ཀྱི་ཆུ་ཚད་མཐོན་པོ་མངོན་པར་བྱས་པ་དང་། ས་གནས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས་མཚོན་པར་བྱས་ཡོད་ལ། མི་རྣམས་ཀྱིས་མདའ་འཕེན་ལུས་རྩལ་ལ་རོལ་མྱོང་བྱེད་པའི་ཞོར་དུ་བོད་མི་རིགས་ཀྱི་མདའ་འཕེན་ལུས་རྩལ་གྱི་གདོད་མའི་རྣམ་པ་ཇི་བཞིན་དུ་ཉམས་སུ་མྱོང་ཐུབ།


འབྲེལ་ཡོད་འོས་སྦྱོར།