ནག་ཆུའི་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་མགོ་ཚུགས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2016-08-15
ཀློག་གྲངས།:
སྤྱི་ཟླ8པའི་ཚེས10ཉིན། “ངོ་མཚར་ལྡན་པའི་བྱང་ཐང་། མཛེས་སྡུག་ལྡན་པའི་ནག་ཆུ”ཞེས་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་ལོ2016ལོའི་ནག་ཆུའི་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ནག་ཆུའི་རྟ་རྒྱུག་ཐང་ཆེན་དུ་སྤེལ་བ་རེད།
ད་ཐེངས་ཀྱི་རྟ་རྒྱུག་དུས་ཆེན་དེ་དུས་ཡུན་ཉིན་བཞི་ལ་འཚོགས་རྒྱུ་དང་། དུས་ཆེན་རིང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དང་རྟ་རྒྱུགས་འགྲན་བསྡུར། རྟ་ཐོག་ནས་ཁ་བཏགས་སྒྲུག་པ། རྟ་ཐོག་ནས་མདའ་འཕེན་པ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།