logo

ནག་ཆུ་རུ་ཁག་གིས་བོད་ལྗོངས་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་དུ་ཨང་དང་པོ་བླངས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2016-08-06 ཀློག་གྲངས།:

ནག་ཆུ་རུ་ཁག་གིས་བོད་ལྗོངས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དུ་ཨང་དང་པོ་བླངས།
ནག་ཆུ་རུ་ཁག་གིས་རྐང་རྩེད་སྤོ་ལོ་རྒྱག་པ།


ནག་ཆུ་རུ་ཁག་གིས་བོད་ལྗོངས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དུ་ཨང་དང་པོ་བླངས།

     སྤྱི་ཟླ8པའི་ཚེས3ཉིན། 2016ལོའི་བོད་ལྗོངས་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་པའི་འགྲན་བསྡུར་ཁྲོད་ནག་ཆུའི་འཐུས་ཚབ་རུ་ཁག་དང་གཞིས་ཀ་རྩེའི་འཐུས་ཚབ་རུ་ཁག་གཉིས་ཀྱིས་རྒྱུན་གཏན་འགྲན་བསྡུར་དང་དུས་བསྣར་ཡང་བསྡུར་ཁྲོད་དུ་སྐར་གྲངས2:2ཀྱིས་འདྲ་མཉམ་བྱུང་བས། མཐའ་མཇུག་ནག་ཆུ་རུ་ཁག་གིས་རྐྱང་འཕེན་འགྲན་བསྡུར་ཁྲོད་དུ་སྐར་གྲངས་6:5ཡི་ཐོག་ནས་ཨང་དང་པོ་བླངས་པ་རེད།
     2016ལོའི་བོད་ལྗོངས་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་དུས་ཡུན་ཉིན12བྱས་ཤིང་། ལྷ་ས་དང་ཉིང་ཁྲི་སོགས་བོད་རང་སྐྱོང་ལྗོངས་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་དང་ལྗོངས་ཐད་གཏོགས་མ་ལག7གྱི་འཐུས་ཚབ་རུ་ཁག11གི་ལུས་རྩལ་པ200ལྷག་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།