logo

དཔའ་རིས་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་སྐད་གཉིས་འཆམ་མཐུན་བསྐྱེད་སྲིང་བྱ་འགུལ་སྤེལ།

རྩོམ་པ་པོ།:དཔའ་རིས་རྫོང་བོད་སྐད་ཡིག་བྱ་བའ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-07-21 ཀློག་གྲངས།:


དཔའ་རིས་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་སྐད་གཉིས་འཆམ་མཐུན་བསྐྱེད་སྲིང་བྱ་འགུལ་སྤེལ་བ།


ལས་བྱེད་མི་སྣས་སློབ་ཁྲིད་ནང་དོན་སྒོ་སམ་དུ་འགྲེམ་བཞིན་པ།


སློབ་ཁྲིད་ནང་དོན་སྙིང་བསྡུས་བྱང་བུ།

དཔའ་རིས་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་སྐད་གཉིས་འཆམ་མཐུན་བསྐྱེད་སྲིང་བྱ་འགུལ་སྤེལ།
སློབ་གསེང་དུས་སུ་འབྲོག་པ་མང་ཚོགས་ཀྱིས་དགའ་སྤྲོའི་ངང་དཔེ་ཀློག་དང་བགྲོ་གླེང་བྱེད་བཞིན་པ།

     སྤྱི་ཟླ7པའི་ཚེས19ཉིན། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་རྒྱལ་ཁབ་དམངས་ཨུས་སྐད་གཉིས་འཆམ་མཐུན་དཔེ་སྟོན་ཡུལ་སྡེ་ཞེས་པ་བདམས་ཡོད་པའི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཀྲ་ཤིས་ཕྱུག་ལུང་ཞང་བདེ་ཆེན་སྡེ་བ་རུ་ཡངས་པའི་རྩྭ་ཐང་བྱ་འགུལ་སྤེལ་ས་བྱས་ནས་ཡུལ་འདིའི་མང་ཚོགས170ལྷག་འདུས་ཏེ་སྐད་གཉིས་འཆམ་མཐུན་བསྐྱེད་སྲིང་བྱ་འགུལ་གཟབ་རྒྱས་ངང་ཚོགས།
     ཐེངས་འདིའི་སྐད་གཉིས་བསྐྱེད་སྲིང་བྱ་འགུལ་སྟེང་དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་སྔར་དཔའ་རིས་མི་རིགས་དགེ་འོས་སློབ་གྲྭའི་སློབ་གཙོ། སློབ་གསོ་ཉམས་མྱོང་ཕུན་སུམ་ཚོགས་ཞིང་བོད་རྒྱ་སྐད་གཉིས་ལ་བྱང་ཆ་ཡོད་པའི་དགེ་རྒན་མཆོག་གྲུབ་ལགས་གདན་དྲངས་ཏེ་རྒྱ་ཆེའི་མང་ཚོགས་ལ་བོད་ཡིག་གསར་བྱུང་རྒྱུན་བཀོལ་མིང་བརྡ་སྦྱོར་ཀློག་དང་བོད་རྒྱ་སྐད་གཉིས་ཀྱི་རྨང་གཞིའི་ཤེས་བྱ་སོགས་ཀྱི་དཔེ་ཁྲིད་བྱས།
     ཐེངས་འདིའི་སློབ་ཁྲིད་ལ་དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་གཙོ་སྒྲིག་བྱས་པའི་འཆམ་མཐུན་ཡུལ་སྡེ་བསྐྱེད་སྲིང་ཆེད་སྤྱོད་བསླབ་དེབ་དང་སློབ་ཁྲིད་གཙོ་གནད་སྙིང་བསྡུས་བྱང་བུ། འགུལ་སྐྱོད་སྒོ་སམ་ཆུང་བ་སོགས་ཀྱིས་རམ་འདེགས་གང་ལེགས་བྱས་པས་འཐུས་ཚང་བའི་སློབ་ཁྲིད་སྒྲིག་བཀོད་དང་། ཡང་དག་ཅིང་མང་ཚོགས་ཀྱི་བློ་ཁ་དང་འཚམས་པའི་སློབ་ཁྲིད་ནང་དོན་གྱིས་ཡུལ་སྡེ་འདིའི་མང་ཚོགས་ལ་བོད་རྒྱ་སྐད་གཉིས་འཆམ་མཐུན་གྱི་དགེ་མཚན་དང་དེ་བཀོལ་སྤྱོད་ལ་སྔར་ལས་ལྷག་པའི་གདེང་འཇོག་དཔེ་མེད་སྩོལ་ཐུབ་བྱུང་།


འབྲེལ་ཡོད་འོས་སྦྱོར།