logo

ཐེམ་ཆེན་རྫོང་གིས2016ལོའི་དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་བསྡུ་ལ་ཉེ་བ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-07-19 ཀློག་གྲངས།:
     དེ་ཡང་གསར་འགོད་པའི་རྒྱུས་ལོན་པ་ལྟར་ན། ཀྲུང་གུང་ཐེམ་ཆེན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་ཐེམ་ཆེན་རྫོང་གི2016ལོའི་དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དེ་སྤྱི་ཟླ7པའི་ཚེས25ནས་ཚེས27བར་མཛེས་སྡུག་གི་ཐེམ་ཆེན་རྩྭ་ཐང་ནས་བསྡུ་རྒྱུ་རེད།
     ཐེངས་འདིའི་འགྲན་སྡུར་གྱི་རྣམ་པ་ལ་མི་རིགས་ཀྱི་རྒྱན་གོས་འཁྲབ་སྟོན་དང་། མི་རིགས་ཀྱི་གླུ་གར་འགྲན་སྡུར་ཏེ་ལ་གཞས་དང་སྐོར་བྲོ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་དེ་མདའ་རྩེད་དང་། འཇུ་བ། ས་འགྱོག གླང་ཆེན་ས་གཤག  རྟ་རྒྱུག  གཡག་རྒྱུག་སོགས་ཡོད་པར་མ་ཟད།དམངས་སྲོལ་གྱི་ལག་ཤེས་བཟོ་ལས་ཏེ་སྦྲ་ནག་དང་དམངས་སྲོལ་རིག་གནས་ཡོ་ཆས་འགྲེམ་སྟོན་སོགས་ཀྱི་བྱ་འགུལ་སྣ་ཚོགས་ཀྱང་སྤེལ་རྩིས་ཡོད་འདུག


འབྲེལ་ཡོད་འོས་སྦྱོར།