བོད་ཀྱི་དམངས་སྲོལ་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ》ནན་ཅིན་ནས་འཁྲབ་སྟོན་ལེགས་འགྲུབ་བྱུང་བ།
འཁྲབ་སྟོན་བྱེད་པའི་ཡུལ་དངོས།
འཁྲབ་སྟོན་པ་ཡོངས་ཀྱི་མཉམ་པར།
སྤྱི་ཟླ5བའི་ཚེས14ཉིན། མཚོ་ལྷོ་ཁུལ་གྱིས་སྒྲིག་སྦྱོར་བྱས་པའི་བོད་ཀྱི་དམངས་སྲོལ་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ》ནན་ཅིན་ནས་འཁྲབ་སྟོན་ལེགས་འགྲུབ་བྱུང་། ཐང་བོད་གནའ་ལམ་ནི་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་སྔོན་དུ་རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་བསུས་པའི་གཏམ་རྒྱུད་བརྗོད་གཞི་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་མི་རིགས་རིག་གནས་སྒྱུ་རྩལ། རང་བྱུང་ཁོར་ཡུག རིག་གནས་ལོ་རྒྱུས་སོགས་མཚོན་པའི་དམངས་སྲོལ་གླུ་གར་ཆེན་མོ་ཞིག་ཡིན།
《གསེར་གྱི་ཉི་ཟླ》ནི་རྒྱལ་ཁབ་རིམ་པ་དང་པོའི་རྩོམ་པ་པོ་ཆབ་འགག་རྡོ་རྗེ་ཚེ་རིང་གིས་འཁྲབ་གཞུང་བརྩམས་པ་དང་། འཁྲབ་གཞུང་དེ་ལུང་རིན་ཆེན་གྱིས་རྒྱ་ཡིག་ཏུ་བསྒྱུར་ཏེ་འཁྲབ་གཞུང་གི་བརྗོད་བྱ་གཞིར་བཟུང་སྟེ། གཞས་གདངས་རྩོམ་མཁན་བཀྲ་ཤིས་དར་རྒྱས་ཀྱིས་འཁྲབ་གཞུང་དེའི་གཞས་གདངས་བརྩམས།
《གསེར་གྱི་ཉི་ཟླ》ནི་མཚོ་ལྷོ་ཁུལ་གླུ་གར་ཚོགས་པའི་ན་གཞོན་ཚོགས་པས་འཁྲབ་ཁྲིད་བྱས་པའི་དམངས་སྲོལ་གླུ་གར་ཆེན་མོ་ཞིག་ཡིན། སྒྲིག་རིམ་སྟེང་དུའང་བོད་ཡུལ་གྱི་ས་ཁུལ་ཆེན་མོ་གསུམ་གྱི་དམངས་སྲོལ་རྨང་གཞི་བྱས་ཏེ། དམངས་སྲོལ་གླུ་གར་གྱི་བྱེད་ཐབས་སྤྱད་ནས་འཁྲབ་གཞུང་གི་ནང་དོན་མཚོན་པར་བྱས་ཡོད།
རྒྱུས་ལོན་པ་ལྟར་ན། ཞིབ་དཔྱད་ཚོགས་པས《གསེར་གྱི་ཉི་ཟླ》ནི་རྒྱལ་ཡོངས་ཀྱི་རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་བསུས་པའི་གཏམ་རྒྱུད་ཀྱི་འཁྲབ་གཞུང7དང་བསྡུར་ན་ཁྱད་ཆོས་གཞན་དང་མི་འདྲ་སྟེ། གནས་བབ་ལེགས་པོ་དང་འཕེལ་རྒྱས་ཀྱི་མདུན་ལྗོངས་ལེགས་པའི་འཁྲབ་གཞུང་ཞིག་ཡིན་པར་བརྗོད།