logo

སྙེ་མོ་རྫོང་གིས་སྐབས་གཉིས་པའི་སྙེ་མོ་མཆོག་གསུམ་གྱི་ལག་རྩལ་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2015-12-31 ཀློག་གྲངས།:

སྙེ་མོ་རྫོང་གིས་སྐབས་གཉིས་པའི་སྙེ་མོ་མཆོག་གསུམ་གྱི་ལག་རྩལ་འགྲན་བསྡུར་སྤེལ་བ།

     ཉེ་སྔོན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས་སྐབས་གཉིས་པའི་སྙེ་མོ་མཆོག་གསུམ་གྱི་ལག་རྩལ་འགྲན་བསྡུར་སྤེལ། ལོ་འདི་འགའི་རིང་སྙེ་མོ་རྫོང་གིས་སྙེ་མོ་མཆོག་གསུམ་གྱི་རྒྱུན་འཛིན་པ་གཙོར་བཟུང་བའི་རང་ཡུལ་གྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་ལས་དོན་ཧུར་ཐག་སྤེལ་ནས་གསོ་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། གསོ་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་གསོ་སྐྱོང་བྱེད་ཐབས་ལེགས་སུ་བཏང་བ་རེད།
     མིག་སྔར་རྫོང་ཡོངས་སུ་བོད་སྤོས་དང་། བོད་ཤོག  པར་བརྐོ་བཅས་སྙེ་མོ་མཆོག་གསུམ་ཁྱད་ལྡན་ཐོན་ལས་ཀྱི་ཤེས་ལྡན་མི་སྣ་1000ལྷག་ཡོད་པ་དང་ཁྱད་ལྡན་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་གྲུབ་འབྲས་དགའ་འོས་པ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།