དགེ་རྒན་སྐལ་བཟང་ཐོགས་མེད་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་གཟེངས་ཐོན་མཛད་རྗེས་ཀྱི་ཆེད་མཁས་པར་བདམས།
བློ་མཐུན10རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་གཟེངས་ཐོན་མཛད་རྗེས་ཀྱི་ཆེད་མཁས་པར་བདམས།
བློ་མཐུན10རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་གཟེངས་ཐོན་མཛད་རྗེས་ཀྱི་ཆེད་མཁས་པར་བདམས།
ཉེ་ཆར། བློ་མཐུན10རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་གཟེངས་ཐོན་མཛད་རྗེས་ཀྱི་ཆེད་མཁས་པའི་གཟེངས་རྟགས་སུ་བདམས་ཐོན་བྱུང་ཞིང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་ཐོགས་མེད་ཀྱང་འདིའི་གྲས་སུ་ཚུད་པ་རེད།
ཐེངས་འདིར་གཟེངས་རྟགས་ཐོབ་པའི་གཟེངས་ཐོན་མཛད་རྗེས་ཀྱི་ཆེད་མཁས་པ10ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་མ་ལག་གི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་གི་ཕུལ་བྱུང་འཐུས་ཚབ་ཡིན།
ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་ཐོགས་མེད།
སྐལ་བཟང་ཐོགས་མེད་ནི1963ལོའི་ཟླ6པའི་ཚེས15ཉིན་ཀན་སུའུ་ཀླུ་ཆུ་ནས་སྐྱེས་ཤིང་། ནུབ་བྱང་མི་རིགས་སློབ་ཆེན་རྒྱལ་ཕྱིའི་མི་རིགས་ཡིག་ཚགས་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཡིན།