logo

ཡུལ་ཤུལ་གྲོང་ཁྱེར་ནས་མཚོ་སྔོན་གྱི་ཐོག་དང་པོའི་གད་སྙིགས་གཙང་སྲེག་གློག་འདོན་ལས་གཞི་བསྒྲུབ་མགོ་ཚུགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-12-30 ཀློག་གྲངས།:
     སྤྱི་ཟླ12པའི་ཚེས28ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཨན་ཧོས་ཧྲིན་ཡོན་ཁོར་ཡུག་སྲུང་སྐྱོབ་སྡེ་ཚོགས་གཉིས་ཀྱིས་མཉམ་དུ་ཡུལ་ཤུལ་གྲོང་ཁྱེར་གྱི་གད་སྙིགས་གཙང་སྲེག་གློག་འདོན་ལས་གཞིའི་ཚོང་གཉེར་གྲོས་ཆོད་སྟེང་མིག་རྟགས་བཀོད་ལ། དེ་དང་མཉམ་དུ། ཡུལ་ཤུལ་ཧྲིན་ཡོན་ཁོར་ཡུག་སྲུང་སྐྱོབ་གློག་ཤུགས་ཚད་ཡོད་ཀུང་ཟི་དངོས་སུ་བཙུགས་པས། སྤྱིའི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་བཏང་བའི་ཁོར་ཡུག་སྲུང་སྐྱོབ་བཟོ་སྐྲུན་ལས་གཞི་ཆེན་པོ་འདིས། གཙང་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་དག་གཙང་འགན་འཁྲི་འཕྲལ་བསྒྲུབ་བྱ་རྒྱུ་ཡིན་པ་མངོན་པར་མཚོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཧྲིན་ཀྲང་གཞོན་པ་ཀྲང་ཅེན་མིན་ཉིན་དེའི་མིང་རྟགས་འགོད་པའི་མཛད་སྒོར་ཞུགས།


འབྲེལ་ཡོད་འོས་སྦྱོར།