logo

སྐབས་གཉིས་པའི་འཛམ་གླིང་འཕྲིན་འབྲེལ་དྲ་བའི་ཚོགས་ཆེན་ཝུའུ་ཀྲེན་དུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-18 ཀློག་གྲངས།:

ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་ཏེ་གཏམ་བཤད་གནང་།
ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་གཏམ་བཤད་གནང་བ།


སྐབས་གཉིས་པའི་འཛམ་གླིང་འཕྲིན་འབྲེལ་དྲ་བའི་ཚོགས་ཆེན་ཝུའུ་ཀྲེན་དུ་བསྡུས།

     སྤྱི་ཟླ12པའི་ཚེས16ཉིན་ནས18ཉིན་བར། ཀྲུང་གོའི་རྒྱལ་ཁབ་འཕྲིན་འབྲེལ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་བའི་སྐབས་གཉིས་པའི་འཛམ་གླིང་འཕྲིན་འབྲེལ་དྲ་བའི་ཚོགས་ཆེན་དེ་ཀྲེ་ཅང་ཞིང་ཆེན་ཝུའུ་ཀྲེན་དུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་ཏེ་གཏམ་བཤད་གནང་།
     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཚོགས་ཆེན་དུ་གླེང་སྟེགས10དང་ཆེད་དོན་བརྗོད་བྱ22བཀོད་ཡོད་ཅིང་། རྒྱལ་ཁབ་ཕྱི་ནང་གི་སྲིད་འཛིན་མི་སྣ་དང་ཆེད་མཁས་པ། ཁེ་ལས་པ་སོགས་སྐུ་མགྲོན2000གདན་ཞུ་བྱས་ཏེ། འཛམ་གླིང་འཕྲིན་སྦྲེལ་དྲ་བའི་སྐྱོང་སྟངས་དང་། དྲ་བའི་བདེ་འཇགས། འཕྲིན་སྦྲེལ་དྲ་བ་དང་རྒྱུན་རིང་འཕེལ་རྒྱས། འཕྲིན་སྦྲེལ་དྲ་བའི་ཤེས་ཡོན་གྱི་ཐོན་དངོས་བདག་དབང་སྲུང་སྐྱོབ། ལག་རྩལ་གསར་སྐྲུན། འཕྲིན་སྦྲེལ་དྲ་བའི་མཚན་ཉིད་རིག་པ་སོགས་བརྗོད་བྱ་མང་པོའི་ཐད་འབྲེལ་འདྲིས་དང་བགྲོ་གླེང་མཛད་ལ། འདི་ནི་གཞི་རྒྱ་ཆེས་ཆེ་བའི་འཛམ་གླིང་འཕྲིན་སྦྲེལ་དྲ་བའི་ཚོགས་ཆེན་ཞིག་རེད།
     རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་ཞིབ་བཤེར་བྱས་པ་ལྟར་ན། མིག་སྔར་སྨྱན་བྱད་སྡེ་ཁག200ཡི་གསར་འགོད་པ782ཚོགས་ཆེན་གྱི་ཡུལ་དངོས་གསར་འགོད་ལ་ཞུགས། དེ་ལས་རྒྱལ་ཁབ་ཕྱིའི་སྨྱན་བྱད་སྡེ་ཁག40ཡི་གསར་འགོད་པ100ལྷག་དང་རྒྱལ་ནང་སྨྱན་བྱད་སྡེ་ཁག150ཡི་གསར་འགོད་པ600ཡོད།

ལྷ་མོ་ཚེ་སྐྱིད་ཀྱིས་སོའུ་ཧུའུ་དྲ་བ་ལས་བཤུས་ཏེ་བསྒྱུར།


འབྲེལ་ཡོད་འོས་སྦྱོར།