logo

བོད་ལྗོངས་ཀྱི་ནང་བསྟན་བྲག་ཕུག་ཤུལ་བཞག་གི་ཉམས་གནས་ལྡེབས་རིས་འདྲ་བཤུས་ལེགས་འགྲུབ་བྱུང་།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-17 ཀློག་གྲངས།:


འདྲ་བཤུས་ལེགས་འགྲུབ་བྱུང་བའི་བྲག་ཕུག་ལྡེབས་རིས།


འདྲ་བཤུས་བྱེད་པ།

     ཉེ་ལམ། བོད་ལྗོངས་ཀྱི་ཆེས་ཆེ་བའི་ནང་བསྟན་བྲག་ཕུག་ཤུལ་བཞག་སྟེ་མངའ་རིས་རྩ་མདའ་རྫོང་གི་གདོང་དཀར་དང་ཕྱི་དབང་བྲག་ཕུག་ཤུལ་བཞག་གི་ཉམས་གནས་ལྡེབས་རིས་ཀྱི་བསྡུར་ཚད་མཚུངས་པའི་འདྲ་བཤུས་བཟོ་བཀོད་དངོས་སུ་ལེགས་འགྲུབ་བྱུང་ཞིང་།  བསྡོམས་རྩིས་བྱས་པ་ལྟར་ན། ཆེད་མཁས་པའི་ཚན་ཆུང་གིས་དཀྱིལ་འཁོར་ལྡེབས་རིས10དང་ལྷ་སྐུ་སྣ་ཚོགས་དང་མི་སྣའི་འདྲ་སྐུ་བཅས2000ལྷག་གི་མྱུར་སྐྱོབ་རང་བཞིན་གྱི་འདྲ་བཤུས་བྱ་བ་ལེགས་འགྲུབ་བྱུང་། བརྩམས་ཆོས་འདི་ནི་འཛམ་གླིང་ན་ཡོད་པའི་མངའ་རིས་ཀྱི་གནའ་བོའི་ལྡེབས་རིས་ལ་བསྡུར་ཚད་མཚུངས་པའི་འདྲ་བཤུས་བརྩམས་ཆོས་ཉག་ཅིག་ཡིན། འདིས་ཕྱོགས་གཅིག་ནས་རང་བྱུང་གནོད་འཚེ་མི་ཐེབས་པ་དང་། གཞན་ཞིག་ནས་སྤོ་མི་ཐུབ་པའི་རིག་དངོས་དེ་མ་འོངས་པར་སྤོ་ནུས་པའི་རྣམ་པར་འདྲ་བཤུས་དང་འགྲེམ་སྟོན། ཚན་རིག་ཞིབ་འཇུག་བྱེད་ཆོག
     གདོང་དཀར་དང་ཕྱི་དབང་བྲག་ཕུག་ཤུལ་བཞག་ནི་བོད་ལྗོངས་གུ་གེ་རྒྱལ་རབས་དུས་སྐབས་ཀྱི་ལོ་རྒྱུས་ཤུལ་བཞག་ཡིན་ཞིང་། བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་དུ་ཡོད་པ་དང་། གདོང་དཀར་ཤུལ་བཞག་དང་ཕྱི་དབང་བྲག་ཕུག་ལས་གྲུབ་ལ། 1997ལོར་སྐབས་གསུམ་པའི་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད། (བོད་ལྗོངས་མངའ་རིས་ས་ཁུལ་རིག་གནས་ཅུས་པར་རིས་མཁོ་འདོན་བྱས)

ལྷ་མོ་ཚེ་སྐྱིད་ཀྱིས་བོད་ལྗོངས་རིག་གནས་དྲ་བ་ལས་བཤུས་ཏེ་བསྒྱུར།


འབྲེལ་ཡོད་འོས་སྦྱོར།