བླ་བྲང་དགོན་པའི་ལྷ་ཁང་བརྒྱད་ཀྱི་རིག་དངོས་བསྐྱར་གསོ་ལེགས་འགྲུབ་བྱུང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2015-11-24
ཀློག་གྲངས།:
བླ་བྲང་དགོན་པའི་རིག་དངོས་བསྐྱར་གསོའི་ལས་རིམ་འགན་ཁུར་ལག་བསྟར་གནང་མཁན་ལས་ཁུངས་ཏེ་བསང་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཕྱི་ཚེས18ཉིན་གནས་ཚུལ་བསྒྲགས་པར་གཞིགས་ན། མིག་སྔའི་བར་དུ། བླ་བྲང་དགོན་པའི་རིག་དངོས་བསྐྱར་གསོའི་ལས་རིམ་ཁྲོད་ལྷ་ཁང་བརྒྱད་ཀྱི་རིག་དངོས་བསྐྱར་གསོ་ལེགས་འགྲུབ་བྱུང་ཡོད་ཅིང་། བདེ་འཇགས་སྔོན་འགོག་དང་མེ་གསོད་ཀྱི་ལས་རིམ་ཡང60%ལེགས་འགྲུབ་བྱུང་།
མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་བླ་བྲང་དགོན་པར་ལོ་ངོ་སུམ་བརྒྱའི་ལོ་རྒྱུས་ལྡན་ལ། དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་ཆོས་སྡེ་ཆེན་མོའི་གྲས་ཀྱི་གཅིག་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་གསུང་རབ་བསྟན་བཅོས་གྲངས་འབོར་མང་ཤོས་དང་། རིག་གཞུང་ཆུ་ཚད་མཐོ་ཤོས། དཔྱོད་ལྡན་མཁས་དབང་མང་པོ་འདུས་པའི་ཆོས་སྡེ་ཞིག་སྟེ། "འཛམ་གླིང་བོད་རིག་པའི་སློབ་གླིང"ཞེས་སྙན་པའི་གྲགས་པ་སྲིད་གསུམ་ལ་ཁྱབ་ཡོད་པ་རེད།
སྤྱིའི་མ་དངུལ་དམངས་སྒོར་དུང་ཕྱུར3.05བཏང་པའི་བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་ལས་གཞི་དེ་ཕྱི་ལོ 2012ལོའི་ཟླ9པར་འགོ་ཚུགས་པ་ནས་སྤྱི་ཚོགས་སྟེང་ཀུན་གྱིས་དོ་སྣང་ཆེན་པོ་གནང་གི་ཡོད་པ་རེད།
དེང་ཆར་དགོན་དེར་ཅུང་འཐུས་སྒོ་ཚང་པའི་གྲྭ་ཚང་ཆེན་མོ་དྲུག་དང་། ལྷ་ཁང48། གནའ་དཔེ་རྩ་ཆེན་ཁྲི་ཚོ6.8ལྷག གྲྭ་ཤག500ལྷག་ཙམ་དང་དེ་བཞིན་རིག་དངོས་རྩ་ཆེན་མང་པོ་ཉར་ཚགས་གནང་ཡོད་ཅིང་།1982ལོར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏན་འཁེལ་གནང་པ་རེད།
ཀན་ལྷོ་ཁུལ་བསང་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ། བླ་བྲང་དགོན་པའི་རིག་དངོས་བསྐྱར་གསོ་ལས་གཞིའི་འགན་འཁུར་པ་བསོད་ནམས་རྒྱལ་གྱིས་ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པར། མིག་སྔའི་བར་དུ། བསྟུད་མར་མ་དངུལ་དམངས་སྒོར་ཁྲི6493.89བཏང་ནས་རྣམས་གྲངས14ལས་འགོ་ཚུགས་ཡོད་ཅིང་། བྱམས་ཁང་དང་གདུགས་དཀར་ལྷ་ཁང་། སྒྲོལ་དཀར་ལྷ་ཁང་། ཀྱེེ་རྡོར་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་། འཇམ་དབྱངས་སྒར་བའི་གཞིས་ཤག་ཨང་གསུམ་པ་དང་བཞི་བ། དུས་འཁོར་གྲྭ་ཚང་བཅས་རིག་དངོས་བརྒྱད་བསྐྱར་གསོ་ལེགས་འགྲུབ་བྱུང་ཡོད་ཅེས་ངོ་སྤྲོད་གནང་བྱུང་།
བསོད་ནམས་རྒྱལ་གྱིས། བླ་བྲང་དགོན་པའི་ཨར་ལས་ཀྱི་རྨང་གཞི་ས་རྡོ་ཤིང་གི་རྩིག་པ་ལས་གྲུབ་པ་ཡིན་ལ། དེའི་ཁར་རང་བྱུང་དང་ཕྱི་རོལ་གྱི་ཤུགས་རྐྱེན་ཐེབས་ངོར་ཉམས་ཞིག་ཚབས་ཆེན་བྱུང་ཡོད་ཕྱིན་ངེས་པར་དུ་བསྐྱར་གསོའི་སྲུང་སྐྱོབ་བྱེད་དགོས་པར་ཆགས་ཡོད་པ་རེད། "མ་དཔེ་རྙིང་པ་ནང་བཞིན་བསྐྱར་གསོ"བྱེད་པའི་རིག་དངོས་བསྐྱར་གསོའི་རྩ་དོན་ལྟར། བླ་བྲང་དགོན་པའི་རིག་དངོས་ཉིད་རིག་དངོས་ཀྱི་རྣམ་པ་གཙོ་བོ་དང་། བཀྲག་རྩི་ཚོན་རིས་བྱུག་པ། ལྡེབས་རིས་ཉམས་གསོ་སྲུང་སྐྱོབ། བདེ་འཇགས་སྔོན་འགོག མེ་གསོད། གློག་ལམ་བསྐྱར་གསོ། ཐོག་སྐྱོན་སྔོན་འགོག་བཅས་ལས་གྲྭ་ཆེན་པོ་རིགས་བདུན་ནས་འགོ་བརྩམས་ཏེ་བསྐྱར་གསོ་གནང་པ་ཡིན་ཞེས་བརྗོད་བྱུང་།
ཁོས"འདི་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་དུ། བསྐྱར་གསོ་བྱེད་ཐེངས་ཆེ་ཤོས་ཡིན"ཞེས་ངོ་སྤྲོད་གནང་བྱུང་། དེ་ལས་གཞན། ད་ལོའི་ཟླ5བའི་དུས་འགོར་དུས་འཁོར་གྲྭ་ཚང་གི་ལྡེབས་རིས་བསྐྱར་གསོ་འགོ་བཙུགས་ཟིན་པ་དང་། འཆར་གཞི་ལྟར་ན་ལོ་གཉིས་དང་ལོ་ཕྱེད་རིང་ལྡེབས་རིས་ཆ་ཚང་བསྐྱར་གསོ་སྲུང་སྐྱོབ་ཀྱི་ལས་རིམ་ལེགས་འགྲུབ་འབྱུང་ཐུབ། མིག་སྔར་འཇམ་དབྱངས་སྒར་བའི་གཞིས་ཤག་ཨང་བཞི་པའི་ནོར་ལྷའི་ལྡེབས་རིས་དང་དུས་འཁོར་གྲྭ་ཚང་གི་ལྡེབས་རིས་བསྐྱར་གསོ་དང་ཚོན་བྱུགས་ལས་རིམ་ལེགས་འགྲུབ་བྱུང་ཚར་ཡོད་ཟེར།

འབྲེལ་ཡོད་འོས་སྦྱོར།