logo

མཚོ་ནུབ་ཁུལ་བོད་ཀྱི་གདོད་མའི་དམངས་གླུ་འགྲན་བསྡུར་སྐབས་གཉིས་པ་གཏེར་ལེན་ཁ་རུ་སྤེལ།

རྩོམ་པ་པོ།:འདམ་འཇིལ་ལི། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-11-16 ཀློག་གྲངས།:


གླུ་བས་སྙན་མོ་དབྱངས་ལ་འགུག་བཞིན་པའི་ཚུལ།

བྱ་དགའ་ཐོབ་པའི་གླུ་བ་གླུ་མ།
བྱ་དགའ་ཐོབ་པའི་གླུ་བ་གླུ་མ།

     སྤྱི་ཟླ11པའི་ཚེས13ཉིན། མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་འཛད་པའི་མཚོ་ནུབ་ཁུལ་བོད་ཀྱི་གདོད་མའི་དམངས་གླུ་འགྲན་བསྡུར་སྐབས་གཉིས་པ་གཏེར་ལེན་ཁ་རུ་བདེ་བླག་ངང་སྤེལ་ཞིང་། མཚོ་ནུབ་ཁུལ་གྱི་ས་གནས་སོ་སོར་ཐོན་པའི་གླུ་བ་དང་གླུ་མ་མིང་གྲངས་ཅན16ལྷག་འགྲན་བསྡུར་དུ་ཞུགས་པ་ཡིན་ལ།  རྒྱུུ་འབྲས་དྲངས་སྙོམས་ཀྱི་བདམས་ཐོན་ཁྲོད་ཨང་དང་པོ1དང་ཨང་གཉིས་པ2། ཨང་གསུམ་པ3། དེ་མིན་ཆེས་དགའ་བསུ་ཐོབ་པའི་གླུ་བ1དང་ཉམས་འགྱུར་ལྡན་པའི་གླུ་བ2། རྒྱན་གོས་ཀྱི་བྱ་དགའ1།   ཕུལ་བྱུང་བྱ་དགའ4བཅས་བདམས་ཐོན་བྱུང་བ་རེད།
     དེ་དག་ལ་རིམ་པ་བཞིན་བྱ་དགའི་དཔང་ཡིག་རེ་དང་སྒོར5000། སྒོར3000། སྒོར1500། སྒོར500བཅས་ཀྱི་གཟེངས་རྟགས་ཕུལ། ཐེངས་འདིའི་འགྲན་བསྡུར་ཁྲོད། ཐེམ་ཆེན་རྫོང་གི་གླུ་མ་ལྷ་རིས་ཀྱིས་བྱ་དགའ་ཨང་དང་པོ་བླངས་པ་དང་།  གཏེར་ལམ་རྫོང་གི་གླུ་བ་སྒྲོལ་མ་དོན་འགྲུབ་དང་ཐེམ་ཆེན་གྱི་གླུ་བ་བསམ་འགྲུབ་གཉིས་ལ་ཨང་རིམ་གཉིས་པ་ཐོབ།  གཏེར་ལམ་རྫོང་གི་གླུ་མ་ལྕགས་རིས་དང་མཁའ་འགྲོ་མཚོ།  ན་གོར་མོ་གདང་ལ་གྲོང་རྡལ་གྱི་གླུ་མ་ཚེ་སྐྱིད་ལྷ་མོ་བཅས་ལ་ཨང་གསུམ་པ་ཐོབ་ཅིང་། དེ་མིན་གཏེར་ལམ་རྫོང་གི་གླུ་བ་ལྷ་འབུམ་རྒྱལ་དང་ལྷ་བྷེ།   ཐེམ་ཆེན་གྱི་གླུ་བ་ཆོས་དབྱངས་བཀྲ་ཤིས་དང་ཀླུ་དབང་བཅས་ལ་སོ་སོར་ཆེས་དགའ་བསུ་ཐོབ་པའི་གླུ་བ་དང་ཉམས་འགྱུར་ལྡན་པའི་གླུ་བ།   རྒྱན་གོས་གྱི་མཚན་སྙན་ཐོབ་པ་མ་ཟད། ས་གནས་སོ་སོ་ནས་སླེབས་པའི་འགྲན་ཞུགས་པ4ལ་ཕུལ་བྱུང་གླུ་བའི་བྱ་དགའ་ཐོབ་པ་རེད། 
     ཐེངས་འདིའི་འགྲན་བསྡུར་བརྒྱུད་དེ་རང་རེའི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་ཁྱད་པར་དུ་དམངས་གླུ་སྒྱུར་རྩལ་སྔར་ལས་གོང་འཕེལ་གཏོང་བ་དང་གསར་སྐྱེས་གླུ་བ་གླུ་མ་གང་མང་སྐྱེད་སྲིང་བྱེད་པའི་ཕན་ནུས་གལ་ཆེན་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།