logo

གླིང་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་ཀྲུང་གོའི་རིག་རྫས་སྲུང་སྐྱོང་ལས་དོན་བཅུའི་ནང་དུ་བདམས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2015-11-14 ཀློག་གྲངས།:

གླིང་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་ཀྲུང་གོའི་རིག་རྫས་སྲུང་སྐྱོང་ལས་དོན་བཅུའི་ནང་དུ་བདམས།
གེ་སར་དངོས་མང་བཤམས་སྟོན་ཁང་དུ་གྲགས་པའི་རྟ་རྣ་དགོན་པ།

     སྤྱི་ཟླ11པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་གྱི་རིག་རྫས་དོ་དམ་ཅུས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ས་ཁུལ་གྱི་གླིང་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་དང་རྟ་རྣ་དགོན་པ་བསྐྱར་གསོ་བྱེད་པ་ཀྲུང་གོའི་རིག་རྫས་སྲུང་སྐྱོང་ལས་དོན་བཅུའི་ནང་དུ་བདམས་ཐོན་བྱུང་། འདི་ནི་ཡུལ་ཤུལ་ས་འགུལ་རྗེས་ཀྱི་རིག་རྫས་བསྐྱར་གསོ་བྱེད་པའི་ཁྲོད་ཆེས་ཆེ་བའི་ལས་གཞི་ཞིག་རེད།
     གླིང་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་དང་རྟ་རྣ་དགོན་པ་ནི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ས་ཁུལ་གྱི་ནང་ཆེན་རྫོང་ལྕི་ཉིན་སྲིབ་གྲོང་རྡལ་གྱི་རྨེ་ཆུ་སྡེ་བའི་རྟ་རྣ་རི་བོར་ཆགས་ཡོད་པ་དང་། གླིང་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་མཚོ་ངོས་ལས་སྨི5000མཐོ་བ་དང་། ལྷོའི་བྲག་ཕུག་ཏུ་སྐུ་གདུང་མཆོད་རྟེན11བཞེངས་ཡོད་པ་དང་། བྱང་གི་བྲག་ཕུག་ཏུ་སྐུ་གདུང་མཆོད་རྟེན31བཞེངས་ཡོད། སྤྱི་ལོ686ལོར་རྟ་རྣ་དགོན་པ་བཞེངས་པ་དང་། དེའི་ནང་གི་གའུ་ལྷ་ཁང་ནི་ཀྲུང་གོ་ཁམས་ཁུལ་གྱི་ཆེས་སྔ་བའི་ལྷ་ཁང་ཡིན་པ་དང་། སྙན་གྲགས་ནི་ལྷོ་ཁ་ས་ཁུལ་གྱི་ཕོ་བྲང་ཡུམ་བུ་བླ་མཁར་དང་འདྲ་མཚུངས་རེད།
     མཚོ་སྔོན་ཞིང་ཆེན་རིག་རྫས་དོ་དམ་ཅུའུ་ཅུས་ཀྲང་གིས་ངོ་སྤྲོད་བྱེད་རྒྱུར། 2010ལོའི་ཡུལ་ཤུལ་ས་འགུལ་ཁྲོད། གླིང་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་དང་རྟ་རྣ་དགོན་པ་གཉིས་ལ་ཆགས་འཇིག་ཚབ་ཆེན་ཐེབས་ཡོད་པ་དང་། ཐེངས་འདིའི་བསྐྱར་གསོའི་བྱ་བ2011ལོའི་ཟླ11ནས་འགོ་བརྩམས་པ་དང་། འཛུགས་སྐྲུན་བསྐྱར་གསོ་ལས་གཞན། བྲག་ངོས་སྲ་བརྟན་དང་སྔོན་གནས་བསྐྱར་སྐྲུན(གླིང་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན)བཟོ་བཀོད་སྤོ་སྐྲུན(གསོལ་ཁང)ལམ་སྐྱོབ་སྦྱར་རྩིག  མ་ཎི་རྡོ་འབུམ་སོགས་ཞིག་གསོ་བྱེད་རྩིས་ཡོད།
     ཁོང་གིས་བཤད་རྒྱུར། བསྐྱར་གསོ་བྱེད་པའི་བརྒྱུད་རིམ་ཁྲོད་རིག་རྫས་སྲུང་སྐྱོང་གི་རྩ་དོན་གཞིར་བཟུང་བ་གཙོ་བྱས་ཏེ།  སྲོལ་རྒྱུན་བཟོ་རྩལ་ཉམས་པ་སོར་ཆུད་དང་། འཛུགས་སྐྲུན་ཆག་གྲུམ་གྱི་གནས་ཚུལ་གཞིར་བཞག ཕྱོགས་ཡོངས་ནས་དགོན་སྡེའི་ནམ་རྒྱུན་གྱི་བཀོལ་སྤྱོད་རང་བཞིན་ལ་གཞིགས་ནས་བསྐྱར་གསོ་བྱེད་རྒྱུ་ཡིན།
     རྒྱུས་ལོན་པ་ལྟར་ན། བསྐྱར་གསོ་བྱེད་པའི་བརྒྱུད་རིམ་ཁྲོད་རིག་རྫས་གྱི་རིན་ཐང་སོར་ཉར་ཅི་ཐུབ་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།