logo

ཞི་བདེ་ཉི་མར་ཡ་ཞི་གློག་བརྙན་དུས་ཆེན་གྱི་བརྙན་ཡོལ་བྱ་དགའི་གཙོ་འཁྲབ་པའི་བསྐོ་བཞག་བྱ་དགའ་ཐོབ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-11-13 ཀློག་གྲངས།:


ཞི་བདེ་ཉི་མར་ཡ་ཞི་གློག་བརྙན་དུས་ཆེན་གྱི་བརྙན་ཡོལ་བྱ་དགའི་གཙོ་འཁྲབ་པའི་བསྐོ་བཞག་བྱ་དགའ་ཐོབ།

     རྒྱུས་ལོན་བྱས་པ་ལྟར་ན། བོད་རིགས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན《ཐར་ལོ》ཞེས་པའི་སྐྱེས་པའི་གཙོ་འཁྲབ་པ་ཞི་བདེ་ཉི་མར་སྐབས་དགུ་བའི་ཨོ་སི་ཁྲོའུ་རུའུ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་བརྙན་ཡོལ་བྱ་དགའི་ཕུལ་བྱུང་སྐྱེས་པའི་གཙོ་འཁྲབ་པའི་བསྐོ་བཞག་བྱ་དགའ་ཐོབ་ཅིང་། རྒྱུས་ལོན་པ་ལྟར་ན། ཞི་བདེ་ཉི་མས་གློག་བརྙན《ཐར་ལོ》ཡི་ཚབ་བྱས་ཏེ། Reef Ireland རོས་ཧྥུ་ཨ་རེའུ་ལན་གྱིས་གཙོ་འཁྲབ་གནང་བའི《གཙོང་བོའི་སྨད་རྒྱུད》Downriverཅེས་པ་དང་། ཀྲིན་ཙེའུ་ཡུང་གིས་གཙོ་འཁྲབ་གནང་བའི《ད་ལྟ་འགྲིག་པ་ནི་ནོར་འཁྲུལ་ཡིན》། Alexey Gusykovཨ་ལེ་ཁི་སེ་ཀོའུ་སེ་ཁོ་བུས་གཙོ་འཁྲབ་གནང་བའི《ནཱ་ཧོ་ཏི་ཁཱ》། Misha Gomiashvilམེ་ཧྲ་ཀོ་མཱ་ཧྲི་ཝུས་གཙོ་འཁྲབ་གནང་བའི《ཙུང་ཐུང》བཅས་དང་ཕུལ་བྱུང་སྐྱེས་པའི་གཙོ་འཁྲབ་པའི་བྱ་དགའ་རྩོད་རྒྱུ་རེད།

ཞི་བདེ་ཉི་མར་ཡ་ཞི་གློག་བརྙན་དུས་ཆེན་གྱི་བརྙན་ཡོལ་བྱ་དགའི་གཙོ་འཁྲབ་པའི་བསྐོ་བཞག་བྱ་དགའ་ཐོབ།

     ཞི་བདེ་ཉི་མ་ནི་བོད་ཀྱི་མིང་གྲགས་སྒྱུ་རྩལ་པ་དང་སྙན་ངག་པ། གློག་བརྙན་འཕྲིན་གྱི་སྒྲིག་འཁྲབ་པ་དང་གཙོ་འཁྲབ་པ་བཅས་ཡིན་ཞིང་། ཁོ་བོད་ཀྱི་ཕ་སྐད་བརྙན་འཕྲིན་ཟློས་གར་གྱི་གསར་གཏོད་པ་ཡིན། ཁོས་བརྩམས་པའི་སྙན་ངག་དང་། གློག་བརྙན་འཕྲིན་བརྩམས་ཆོས། གླུ་ཚིག་སོགས་ལ་རྒྱལ་ཁབ་ཕྱི་ནང་དུ་བྱ་དགའ་སྣ་ཚོགས་ཐོབ་མྱོང་ལ། ད་ཐེངས་ཁོས《ཐར་ལོ》ཞེས་པའི་གློག་བརྙན་ཁྲོད་ཁེར་རྐྱང་ལུག་རྫི་ཞིག་གིས་ཐོབ་ཐང་ལག་འཁྱེར་གྱི་རྐྱེན་ལ་སྦྱར་ཏེ་བྱུང་བའི་མི་སྣའི་སྣང་བརྙན་གསོན་ཉམས་ལྡན་པར་བཞེངས་ཡོད།


འབྲེལ་ཡོད་འོས་སྦྱོར།