ལྷ་སའི་དགེ་སྒྲུབ་སྒོ་རྩིས་ཚོང་ཁང་གིས་དགེ་སྒྲུབ་རོགས་སྐྱོར་བྱེད་སྟངས་གསར་བ་བཏོད་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུུང་གོའི་བོད་ཀྱི་གསར་འགྱུར་དྲ་བ
དུས་ཚོད།:2015-11-09
ཀློག་གྲངས།:
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་དགེ་སྒྲུབ་གཅེས་སེམས་ཁེ་ལས་དང་མཉམ་འབྲེལ་ཐོག་བཙུགས་པའི་དགེ་སྒྲུབ་སྒོ་རྩིས་ཚོང་ཁང་སྤྱི་ཟླ11པའི་ཚེས6ཉིན་ལས་གཉེར་བྱེད་མགོ་ཚུགས་ཤིང་། “ལྷ་ས་གྲོང་ཁྱེར་གྱི་དགེ་སྒྲུབ་ཞལ་འདེབས་ལྟེ་གནས”ཀྱི་སྒོ་བྱང་བཀལ་ནས་བཙུགས་པ་དང་། སྤྱི་ཚོགས་ཐོག་གི་གཅེས་སེམས་མི་སྣ་དང་དཀའ་ངལ་ཡོད་པའི་མང་ཚོགས་དབར་རོགས་སྐྱོར་གྱི་སྦྲེལ་ཟམ་ཞིག་བཙུགས།
སྒོ་རྩིས་ཚོང་ཁང་དེས་ལྷ་ས་གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་མང་ཚོགས་ལ་སྤུས་དག་གོང་ཁེའི་ཚོང་ཟོག་མཁོ་འདོན་དང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་རོགས་སྐྱོར་དངོས་པོ་སྤྲོད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་དགེ་སྒྲུབ་རོགས་སྐྱོར་བྱེད་སྟངས་གསར་པ་བཏོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ལ་ཁྱོན་མ་དངུལ་སྒོར་ཁྲི400བཏང་ནས་རྒྱ་ཁྱོན་སྨི་ངོས་གྲུ130ཙམ་ཟིན་པའི་ནང་ཚོང་ཟོག་འགྲེམས་ཁུལ་དང་། འཚོ་བ་འགན་ལེན་ཁུལ། གཅེས་སེམས་ཞལ་འདེབས་འབུལ་ས། དམངས་ཕན་སྨན་རྫས་ཁུལ་སོགས་བཀོད་སྒྲིག་བྱས་ཡོད་ལ། ཟོག་སྒྲོམ་ཐོག་ཚོང་ཟོག་སྣ་ཁ1500ལྷག་ཙམ་བསྒྲིགས་ཡོད་པ་རེད།
སྒོ་རྩིས་ཚོང་ཁང་གིས་གཙོ་གནད་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་ཡོང་འབབ་དམའ་བའི་མང་ཚོགས་ལ་འབྲས་དང་སྣུམ་སོགས་རིན་གོང་ཁེ་བའི་ཉེར་སྤྱོད་མཁོ་ཆས་བཙོངས་ཏེ་ཡོང་འབབ་དམའ་བའི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་བསྐངས་ཀྱི་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཚང་མས་དམངས་སྲིད་སྡེ་ཚན་ལ་རོགས་སྐྱོར་གཱ་འདུན་ཞུ་ཆོག ཆ་རྐྱེན་དང་མཐུན་པའི་འདུན་ཞུ་བྱེད་མཁན་ལ་དགེ་སྒྲུབ་སྒོ་རྩིས་དོ་དམ་ཨུ་ཡོན་ལྷན་ཁང་གིས་རོགས་སྐྱོར་གཱ་སྤྲོད་པ་དང་གཱ་གཞིར་བཟུང་དགེ་སྒྲུབ་སྒོ་རྩིས་ཚོང་ཁང་ནས་ཅ་དངོས་ཉོ་ཆོག་པ་རེད།
དགེ་སྒྲུབ་སྒོ་རྩིས་ཚོང་ཁང་གིས་ད་དུང་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ། དཔུང་སྡེ། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ཞལ་འདེབས་དང་ལེན་བྱས་ནས་ཞལ་འདེབས་བརྒྱབ་པའི་དངུལ་དང་དངོས་པོ་རྣམས་ཞལ་འདེབས་འབུལ་མཁན་གྱི་འདོད་བློ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་མིང་དངོས་འགོད་པའི་ལམ་ལུགས་ཐོག་ནས་སྤྲོད་པ་རེད།

འབྲེལ་ཡོད་འོས་སྦྱོར།