འབའ་རྫོང་གིས་སོག་རྫོང་སོགས་རྫོང་ལྔའི་སླེ་གྲུག་འགྲན་བསྡུར་བསྡུས་པ།
འབའ་རྫོང་གིས་སོག་རྫོང་སོགས་རྫོང་ལྔའི་སླེ་གྲུག་འགྲན་བསྡུར་བསྡུས་པ།
ཉེ་ལམ། འབའ་རྫོང་ཐོན་རྫོང་ཨུས་མང་རྫོང་དང་བྲག་དཀར་རྫོང་ཐོན་ཨུ་ལ་མཉམ་འབྲེལ་བྱས་སྒོས་རྫོང་ལྔའི་གཞི་རིམ་ཐོན་རྩ་འཛུགས་ཀྱི་སླེ་གྲུག་འགྲན་བསྡུར་འབའ་རྫོང་དུ་བསྡུས།
ཐེངས་འདིའི་འགྲན་བསྡུར་ལ་མང་རྫོང་དང་འབའ་རྫོང། བྲག་དཀར་རྫོང་། སོག་རྫོང་དང་རྩེ་ཁོག་རྫོང་བཅས་ཀྱི་ན་གཞོན་འཐུས་ཚབ་རུ་ཁག་ཞུགས་ཡོད་པ་དང་། འགྲན་བསྡུར་གྱི་གོ་རིམ་ཁྲོད། འཐུས་ཚབ་རུ་ཁག་སོ་སོའི་ལུས་རྩལ་པ་རྣམས་ཀྱིས་སྟོབས་ཤུགས་ཆེར་བསྐྱེད་ཀྱིས་ཁོ་ཚོའི་ཆེས་ལེགས་པའི་འགྲན་བསྡུར་གྱི་རྣམ་པ་དང་བསམ་བློའི་སྤུས་ཚད་མངོན་པར་བྱས། ཡུལ་དངོས་ལྟད་མོ་བ་རྣམས་ཀྱིས་ཀྱང་སྐར་གྲངས་རེ་མོས་ཀྱིས་འཕར་བ་དང་བསྟུན་ནས་འགྲན་ར་ཡོངས་སུ་མཐོ་རླབས་རྒྱས།
ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར། འབའ་རྫོང་གི་ན་གཞོན་རུ་ཁག་ལ་ཨང་དང་པོ་དང་། རྩེ་ཁོག་དང་མང་རྫོང་གཉིས་ལ་སོ་སོར་ཨང་གཉིས་པ་དང་གསུམ་པ་ཐོབ།