བོད་ལྗོངས་ཀྱི་ལུས་རྩལ་པ་ནོར་འཛིན་དབང་མོས་ཟིན་ཐོ་གསར་བ་བཏོད་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཤིན་ཧྭ་དྲ་བ།
དུས་ཚོད།:2015-10-15
ཀློག་གྲངས།:
2015ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་དུ་བོད་ལྗོངས་ཀྱི་ལུས་རྩལ་པར་གྲུབ་འབྲས་བཟང་པོ་བསྟུད་མར་ཐོབ་ཡོད། བུད་མེད་ཀྱི་སྨི10000ཡི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཐོག་ལོ19ཅན་གྱི་བོད་ལྗོངས་མངའ་རིས་ཀྱི་ནོར་འཛིན་དབང་མོར་ཨང་དྲུག་པ་ཐོབ་པ་དང་། བོད་ལྗོངས་ཀྱི་ལུས་རྩལ་པས་རྣམ་གྲངས་དེའི་འགྲན་བསྡུར་གྱི་ཨང་བརྒྱད་པའི་ཚུན་དུ་ཚུད་ཐེངས་དང་པོ་ཡིན།
སྐྱེས་པའི་སྨི5000ཡི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་དུ་སྟོབས་རྒྱལ་གྱིས་སྐར་མ13དང་སྐར་ཆ55དང་སྐར་གྲངས53ཡི་གྲུབ་འབྲས་ལས་ཟངས་ཀྱི་རྟགས་མ་ཐོབ་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཟིན་ཐོ་ཡག་ཤོས་བཏོད་ཡོད། སྐྱེས་པའི་སྨི10000ཡི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་དུ་རྟ་མགྲིན་ཚེ་དབང་འགྲན་བསྡུར་དུ་ཐེངས་དང་པོར་ཞུགས་པ་ལ་ཨང་བརྒྱད་པའི་གྲུབ་འབྲས་བཟང་པོ་ཐོབ།
ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་བོད་ལྗོངས་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་ལུས་རྩལ་རུ་མིས་ཉིང་ཁྲི་རུ་སྦྱོང་བརྡར་བྱས་པ་དང་། ཟླ་འདིའི་ཚེས15ཉིན་ལུས་རྩལ་པ་སླར་ཡང་ཧྥུ་ཀྲའུ་རུ་བསྐྱོད་དེ་རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་བསྡུར་དུ་ཞུགས།

འབྲེལ་ཡོད་འོས་སྦྱོར།