རང་རྒྱལ་གྱི་ཇོ་རིར་འཛེག་པའི་དངོས་བྲིས་གློག་བརྙན་ཐོག་མ་ལྷ་སར་སྟོན་མགོ་བརྩམས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་མི་དམངས་དྲ་བ།
དུས་ཚོད།:2015-10-13
ཀློག་གྲངས།:
ཉེ་ཆར། རང་རྒྱལ་གྱི་ཇོ་རིར་འཛེག་པའི་དངོས་བྲིས་གློག་བརྙན་ཐོག་མ《ཧི་མ་ལ་ཡའི་གནམ་སྐས》ཞེས་པ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4300ཡོད་པའི་ལྷ་སའི་ཡངས་པ་ཅན་དུ་དམིགས་བསལ་ངང་ཐོག་མར་སྟོན་པའི་མཛད་སྒོ་ཚོགས་པ་དང་། གློག་བརྙན་དེ་ཚེས16ཉིན་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་ཁག་ཏུ་དངོས་སུ་སྟོན་རྒྱུ་ཡིན་པ་རེད།
《ཧི་མ་ལ་ཡའི་གནམ་སྐས》ཞེས་པ་པར་ལེན་དང་སྒྲིག་བཟོ་བྱེད་པར་ལོ4འགོར་བ་དང་ཇོ་རིར་འཛེག་པའི་བརྒྱུད་རིམ་ཧྲིལ་པོའི4Kཤིན་ཏུ་གསལ་བའི་མཐར་སོན་གྱི་དངོས་བྲིས་གློག་བརྙན་ཞིག་ཡིན་པ་དང་བོད་ཀྱི་ན་གཞོན་རི་འཛེག་སྣེ་ཤན་པ་དང་ལག་རོགས་ཚོ་པར་བླངས་ནས་ཁོང་ཚོའི་འཚོ་བ་དང་ཇོ་རིར་འཛེག་པའི་བརྒྱུད་རིམ་ཧྲིལ་པོ་བཀོད་པ་ཞིག་རེད།
གློག་བརྙན་སྒྲིག་བཟོ་མཁན་ལེ་ཅན་ཅུན་གྱིས“ཞིང་འབྲོག་ཁུལ་ནས་ཡོང་བའི་ན་གཞོན་སྣེ་ཤན་པ་དང་ལག་རོགས་ཚོ་རི་ཁུག་ནས་ཡོང་སྟེ་བོད་ཀྱི་རི་འཛེག་སློབ་གྲྭར་སློབ་སྦྱོང་བྱས་རྗེས་སླར་ཡང་ཧི་མ་ལ་ཡའི་རི་ཁུལ་དུ་ཕྱིར་ལོག་གིས་ས་བབ་མཐོ་བའི་རི་འཛེག་ལས་རིགས་ནང་བཞུགས་པས་ཁོང་ཚོའི་ལས་དབང་ལ་འགྱུར་ལྡོག་བྱུང་བ་དང་ཕུགས་བསམ་མངོན་འགྱུར་བྱུང་ཡོད། གློག་བརྙན་དེ་བརྒྱུད་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་བཞིན་པའི་བོད་ལྗོངས་ཀྱི་གནས་ཚུལ་བཀོད་ཡོད”ཅེས་བཤད།
བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་བཤད་རྒྱུར། པར་ལེན་སྒྲིག་བཟོ་ཚོགས་ཆུང་གིས་དཀའ་ངལ་མཐའ་དག་ཁྱད་བསད་ཀྱིས་ས་བབ་མཐོ་བའི་རི་འཛེག་གི་དཀའ་ཚེགས་བརྒྱུད་རིམ་ཧྲིལ་པོ་མངོན་པ་བྱས་པ་དང་ཧི་མ་ལ་ཡའི་རི་འཛེག་པ་ཚོའི་དཀའ་ངལ་ལ་མི་སྐྲག་པ་དང་ལེགས་སྐྱེས་འབུལ་འདོད་པའི་གཤིས་རྒྱུད་ངོ་མ་བཀོད་ཡོད། གློག་བརྙན་དེ་བསྟན་པ་དེས་བོད་ཀྱི་རི་འཛེག་པ་ཚོའི་བསམ་འདུན་སྒྲུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན་དེས་གློག་བརྙན་ལོ་རྒྱུས་ཐོག་གི་ཚད་བརྒལ་མང་པོ་མངོན་འགྱུར་ཐུབ་པ་སྟེ། རྐང་གསུམ་སྒྲོམ་སའི་གོ་ལའི་རི་བོ་མཐོ་ཤོས་ཇོ་རིའི་རྩེ་མོར་ཐོག་མར་འཁྱེར་ཐུབ་པ་བྱུང་བ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་7000ཡན་ཡོད་པའི་ཐོག་པར་ལེན་ཐོག་མར་བྱེད་ཐུབ་པ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6500ཡན་ཡོད་པའི་ཐོག་འཕུར་སྐྱོད་འཕྲུལ་ཆས་འཁྱེར་ནས་ཐོག་མར་པར་བླངས་པ་སོགས་རེད།

འབྲེལ་ཡོད་འོས་སྦྱོར།