logo

མཚོ་ལྷོ་ཁུལ་གྱིས་མཚོ་སྔོན་པོའི་མཐའ་འཁོར་དུ་ཁྱོན་ཡོངས་ནས་གཙང་སྦྲ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-10-12 ཀློག་གྲངས།:
     སྤྱི་ཟླ10བའི་ཚེས9ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཏང་ཨུའི་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་གོ་གསུམ་པ་དང་། ཁོར་ཡུག་གཅིག་བསྡུས་གཙང་སྦྲ་མཐུན་སྦྱོར་ཚོགས་འདུ་དེ། མཚོ་སྔོན་པོའི་གླང་ཆེན་མཆེ་བ་ནས་བསྡུས།
     མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝིན་ཁོས་ཀྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་ཁོར་ཡུག་གཙང་སྦྲའི་ཐད་བླང་བྱ་གསུམ་བཏོན། གཅིག་ནས་འགན་གཙང་ལེན་བྱེད་པ་དང་སེམས་ཞིབ་མོས་རྩ་འཛུགས་བྱེད་པ། བློ་ཐག་རྦད་ཆོད་སྒོས་མཚོ་སྔོན་པོ་ས་ཁུལ་གྱི་གད་སྙིགས་གཙང་སེལ་བྱ་བ་འཐུས་ཤོར་མེད་པའི་ངང་བསྒྲུབ་ནས། དུས་ཡུན་ཉིན་གཉིས་ཀྱི་རིང་གྲུབ་འབྲས་མངོན་གསལ་ལེན་དགོས། གཉིས་ནས་རྟོག་ཞིབ་བྱ་བ་དམ་པོར་འཛིན་པ་དང་ཕན་ཚུན་རོགས་རེས་མཉམ་ལས་ཡོང་བར་འབད་འབུངས་བྱས་ཏེ། འཐུས་སྒོ་ཚང་ལ་བདེ་ཐང་ཡིན་པའི་མཚོ་སྔོན་པོའི་མཐའ་འཁོར་གྱི་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ཤིག་གྲུབ་པར་བྱེད་དགོས། གསུམ་ནས་དྲིལ་སྒྲོག་ཤུགས་ཆེན་བྱས་ཏེ། མང་ཚོགས་ལ་སྐུལ་སློང་སྒོས་ས་གནས་མང་ཚོགས་ཚང་མ་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཁྲོད་ཞུགས་པར་ཡར་སྐུལ་བྱེད་དགོས་པ་བཅས་རེད། དེ་དང་མཉམ་དུ། དྲ་རྒྱའི་ལམ་ནས་ཉེ་འཁོར་གྱི་སྲུང་སྐྱོབ་བྱ་བར་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཟེར།
     ཚེས10ཉིན། གསར་འགོད་པ་སྔ་གཞུག་ཏུ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་དང་ཅང་ཤེས་ཞང་། རྟ་ནག་མ་ཞང་སོགས་ཡུལ་དངོས་ལ་སོང་ནས་བཅར་འདྲི་བྱས། ལས་ཁུངས་ཁག་དང་ས་གནས་མང་ཚོགས་གཞི་གཅིག་ཅན་གྱི་གད་སྙིགས་གཙང་སེལ་ཚོགས་པ་ཞིག་རྩ་བཙུགས་བྱས་ཏེ། མཚོ་སྔོན་པོའི་མཐའ་འཁོར་དང་གཞུང་ལམ་གཡས་གཡོན་གྱི་གད་སྙིགས་བཏུས། ཐེངས་འདིའི་གད་སྙིགས་གཙང་སེལ་ཁྱབ་ཁོངས་ནི་རིག་སྨོན་ཆུ་བོ་ནས་བུ་ཧ་ཆུ་བོའི་བར་ཡིན་ལ། མཚོ་སྐོར་ལམ་རྒྱུད་ཀྱི་ཞང་དང་སྡེ་བ། རས་གུར། གནས་རི་གྲགས་ཅན་བཅས་ཀྱི་གད་སྙིགས་དང་འགྱིག་ཤོག འཛུགས་སྐྲུན་གད་སྙིགས་བཅས་གཙང་སེལ་བྱས།


འབྲེལ་ཡོད་འོས་སྦྱོར།