logo

མདོག་གསུམ་པདྨའི་གནའ་བོའི་བོད་ཀྱི་གྲོང་སྡེ་དང་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མཛད་སྒོ་བསྡུས།

རྩོམ་པ་པོ།:སྟོབས་ལྡན་རྒྱལ་དང་པདྨ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2015-09-08 ཀློག་གྲངས།:


2015ལོའི་མདོག་གསུམ་པདྨའི་གནའ་བོའི་བོད་ཀྱི་གྲོང་སྡེ་དང་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་གྱི་
མཛད་སྒོ་པདྨ་རྫོང་ཨ་སྐྱོང་ཐང་དུ་བསྡུས།


ཁ་བའི་མེ་ཏོག་ཚན་སྡེབ་ཀྱིས་མཛད་སྒོའི་སྟེང་གླུ་དབྱངས་ལེན་བཞིན་པ།

མདོག་གསུམ་པདྨའི་གནའ་བོའི་བོད་ཀྱི་གྲོང་སྡེ་དང་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མཛད་སྒོ་བསྡུས།
ཀྲུང་གོའི་ཡིག་གཟུགས་མཁན་པོ་ལྷན་ཚོགས་དང་། བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པས་
པདྨ་རྫོང་གི་ལིང་ཏོག་ནད་པར་རོགས་སྐྱོར་ཞལ་འདེབས་འབུལ་བཞིན་པ།


ཀྲུང་གོའི་རྩོམ་པ་པོ་ལྷན་ཚོགས། ཀྲུང་གོའི་ཐ་མག་སྤྱི་ཁྱབ་ཀུང་ཟི། ཀྲུང་ཧྭ་རིག་གནས་ཐེབས་རྩ་ཚོགས་པ་བཅས་ཀྱི་འཐུས་ཚབ་
མི་སྣས་པདྨ་རྫོང་དང་། དར་ལག་རྫོང་གི་སློབ་གྲྭ་ཆུང་འབྲིང་ལ་དཔེ་དེབ་ལེགས་སྐྱེས་སུ་འབུལ་བཞིན་པ།

     སྤྱི་ཟླ9བའི་ཚེས6ཉིན་གྱི་སྔ་དྲོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། རྫོང་ཡུལ་སྐོར་ཅུའུ་གཉིས་ཀྱིས་འགན་སྒྲུབ་བྱས་པའི2015ལོའི་མདོག་གསུམ་པདྨའི་གནའ་བོའི་བོད་ཀྱི་གྲོང་སྡེ་དང་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མཛད་སྒོ་པདྨ་རྫོང་ཨ་སྐྱོང་ཐང་དུ་བསྡུས།
     ཐེངས་འདིའི་མཛད་སྒོའི་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀྲོའོ་ཁྲང་ཆིན་དང་རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ནོར་བུ་དབང་ལྡན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཐའེ་ཀྲང་ཀྲིག་ཞན་ཨན། དེ་མིན་མགོ་ལོག་ཁུལ་གཙོས་མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན་བཅས་ཀྱི་རིམ་པ་སོ་སོའི་འབྲེལ་ཡོད་འགོ་ཁྲིད་མཛད་སྒོར་ཞུགས། པདྨ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ལིག་ཀྲིན་ཝེ་ཡིས་མཛད་སྒོར་མགོ་འཛིན་བྱས་ཤིང་། རྫོང་ཏང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།
     པདྨ་རྫོང་ལ་རབ་མཛེས་མཚོ་སྔོན་གྱི་ལྗང་མདོག་གི་ལྷོ་རྒྱུད་ཆུང་བ་དང་། དམར་དམག་བརྒྱུད་མྱོང་བའི་གསར་བརྗེའི་གནས་མཆོག  མེ་ཏོག་པདྨ་རྣམ་པར་བཞད་པའི་གསེར་མདོག་གི་བོད་ཡུལ་ཞེས་མདོག་གསུམ་པདྨའི་མཚན་སྙན་བསྩལ་ཡོད་ལ། གནས་འདི་ནི་མགོ་ལོག་ཨ་སྐྱོང་ཁག་གསུམ་གྱི་ཕ་ས་དང་། ཀརྨ་པ་སྐུ་ཕྲེང་གསུམ་པའི་འཁྲུངས་ཡུལ་ཡིན།  ཐེངས་འདིའི་ཡུལ་སྐོར་དུས་ཆེན་འདི་ནི་པདྨ་རྫོང་གི་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་བྱ་འགུལ་ཞིག་ཡིན་ལ། བྱ་འགུལ་སྟེང་དུ་དམངས་ཁྲོད་སྲོལ་རྒྱུན་ལག་རྩལ་ལས་ཐོན་པའི་གེ་སར་ཞལ་འབག་དང་།  བོད་སྤོས། ས་རྫ། ཐང་ཀ་སོགས་བོད་ཀྱི་ལག་ཤེས་བཟོ་ལས་འགྲེམ་སྟོན་བྱས་ཤིང་། ཞབས་བྲོ་དང་དམངས་གླུ གླིང་སྒྲུང་སོགས་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་གྱིས་པདྨ་རྫོང་གི་མི་རིགས་མཐུན་སྒྲིལ་དང་། དམངས་སེམས་གཅིག་སྒྲིལ། སྤྱི་ཚོགས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། འབྱོར་ཕྱུག་དར་རྒྱས་བཅས་འཆམ་མཐུན་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཀྱི་རྣམ་པ་མངོན་པར་མཚོན།
     རེབ་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་འདིས། གཏིང་ཟབ་པའི་པདྨའི་རིག་གནས་ལོ་རྒྱུས་དང་། ངོ་མཚར་བའི་པདྨའི་རང་བྱུང་ཡུལ་ལྗོངས། འགྲོས་མགྱོགས་པའི་པདྨའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་མངོན་ཏེ། པདྨའི་དཔལ་འབྱོར་ལས་དོན་སྣ་ཚོགས་ཁྱབ་ཆེ་བའི་མངའ་ཁོངས་སུ་མཚམས་སྦྱོར་དང་འགྲེམ་སྤེལ་བྱས་ཏེ། པདྨའི་དཔལ་འབྱོར་སྤྱི་ཚོགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།


འབྲེལ་ཡོད་འོས་སྦྱོར།