རྨ་ལྷོ་ཁུལ་གྱི་འགྲན་ཞུགས་པས་ཞིང་ཆེན་ཡོངས་ཀྱི་འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་བོ་བླངས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་སྲིད་གཞུང་དྲ་བ།
དུས་ཚོད།:2015-08-26
ཀློག་གྲངས།:
ཉེ་སྔོན། སྟོད་པའི་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱང་བརྡར་རྟེན་གཞི་རུ་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སློབ་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་དང་ན་གཞོན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད། རྩལ་ཁྲིད་པ12དང་ལུས་རྩལ་པ61གིས་གྲུབ་པའི་རྨ་ལྷོ་ཁུལ་གྱི་འཐུས་ཚབ་རུ་ཁག་གིས་ཧུར་བརྩོན་དང་འབད་པར་བརྒྱུད། རྣམ་གྲངས་ཆེན་པོ8དང་ཆུང་བ38ཀྱི་འགྲན་བསྡུར་ཁྲོད། སྐྱེས་པའི་ལག་རྩལ་སྤོ་ལོ་དང་མཆོང་རྒྱུག ཐག་འཐེན། རི་འཛེག གཟུགས་མཛེས་ཁམས་བཟང་གི་ལུས་རྩལ་བཅས་ལ་ཐུན་མོང་གི་བྱ་དགའ་ཨང་གསུམ་པ་བླངས་པ་དང་། སྐྱེས་པའི་རྐང་རྩལ་སྤོ་ལོ་ལ་ཨང་ལྔ་བ། མི་སྒེར་གྱི་འགྲན་བསྡུར་ཁྲོད་ཨང་དང་པོ5དང་ཨང་གཉིས་པ4། ཨང་གསུམ་པ4བཅས་ཀྱི་སྐར་འབྲས་འབུར་ཐོན་བླངས་པས་རྨ་ལྷོ་ཁུལ་གྱི་འཐུབ་ཚབ་རུ་ཁག་ལ་སྐབས་འདིའི་ལུས་རྩལ་འགྲན་བསྡུར་ཁྲོད་ཀུན་སྤྱོད་དར་སྲོལ་བྱ་དགའ་ཐོབ་པ་རེད།
འབྲེལ་ཡོད་འོས་སྦྱོར།
