logo

འབའ་རྫོང་གིས་དམངས་ཀྱི་ལུས་ཕུང་བདེ་ཐང་དང་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་།

རྩོམ་པ་པོ།:གཅོད་པ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-11 ཀློག་གྲངས།:


སྐོར་བྲོ་འཁྲབ་པ།


ཐག་འཐེན་བྱེད་པ།

     མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཉིན་རེ་བཞིན་ཇེ་མཐོར་སོང་བ་དང་བསྟུན་ནས་མང་ ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཡང་ཉིན་རེར་གོང་འཕེལ་དུ་འགྲོ་བཞིན་ཡོད།འབའ་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མང་ཚོགས་ཀྱི་རེ་བ་གཙིགས་སུ་བཟུང་བ་དང་། རྫོང་སློབ་གསོ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་མང་ཚོགས་ཀྱི་ལུས་རྩལ་གྱི་བྱ་བར་ཤུགས་སྣོན་དང་སྣེ་ཁྲིད། དམངས་ཡོངས་ཀྱི་ལུས་ཕོང་བདེ་ཐང་ལ་ནན་ཏན་གྱི་སྐུལ་འདེད་བྱས་པས། གོང་རིམ་གྱིས་དཔེ་སྟོན་སྡེ་བར་ལུས་ཕུང་སྦྱོང་བརྡར་ཐད་མ་དངུལ་གཏོང་བར་ཆོག་མཆན་ཐོབ།
     མིག་སྔར་འབའ་རྫོང་གི་སྲིད་འཛིན་སྡེ་བར་རྩལ་སྦྱོང་ཕྱོགས་ཀྱི་སྒྲིག་ཆས43ཡོད་ལ།ལུས་ཕུང་སྦྱོང་བརྡར་ཀྱི་རྒྱུ་ཆ523དང་། ཚད་ལྡན་གྱི་ལག་རྩལ་སྤྲོ་ལོ་རྩེད་ས30སྒྲིག་སྦྱོར་བྱས་ཡོད། དེར་ཆ་སྙོམས་ཀྱི་སའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ2.4ཡོད་ལ། དམངས་ཡོངས་ཀྱི་ལུས་ཕོང་སྦྱོང་བརྡར་གྱི་ཆུ་ཚད་ཇེ་མཐོར་བཏང་།
     དེ་དང་མཉམ་དུ་འབའ་རྫོང་སློབ་གསོ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་རྫོང་ཨུའི་མཉམ་འབྲེལ་སྒོས་འཆམ་མཐུན་འབའ་རྫོང་བརྗོད་བྱ་ཡིན་པའི་དམངས་ཡོངས་ཀྱི་ལུས་ཕོང་བདེ་ཐང་སྐོར་བྲོའི་འགྲན་བསྡུར་དང་། རྫོང་སློབ་གསོ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་དང་རྫོང་ལག་རྩལ་སྤོ་ལོའི་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི་ལག་རྩལ་སྤོ་ལོའི་འགྲན་ བསྡུར་སྐབས་བརྒྱད་པ། འབའ་རྫོང་གི་ལྔ་གཅིག་སྐབས་ཀྱི་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོགས་བཙུགས་ནས་ལོ་འཁོར90ལོན་པར་རྟེན་འབྲེལ་ཞུ་བའི་ཐག་འཐེན་འགྲན་སྡུར་སོགས་ལུས་རྩལ་གྱི་འགྲན་བསྡུར་སྣ་མང་བསྡུས།
     མིག་སྔའི་བར་འབའ་རྫོང་གི་ཞང་དང་གྲོང་བརྡལ5དང་སྡེ་ཁག་སོ་སོ། གཞི་རིམ་གྱི་བཟོ་ཚོགས73གྱི་ལས་སྒྲུབ་མི་སྣ་རྣམས་ཧུར་བརྩོན་གྱིས་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱ་འགུལ་ལ་ཞུགས་ཏེ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། འཆམ་མཐུན་གྱི་འབའ་རྫོང་གསར་བར་རིག་གནས་ཀྱི་ ཁོར་ཡུག་ལེགས་པོ་ཞིག་བསྐྲུན།


འབྲེལ་ཡོད་འོས་སྦྱོར།