logo

ཐེམ་ཆེན་གྱི་གླུ་མ་གཡུ་སྒྲོན་འཚོ་ལ་མི་ཆུང་རྟགས་མའི་བོད་ཀྱི་མཛའ་གཞས་འགྲན་སྡུར་དུ་ཨང་དང་པོ་ཐོབ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-06 ཀློག་གྲངས།:


ཐེམ་ཆེན་རྫོང་གི་གླུ་མ་གཡུ་སྒྲོན་འཚོ་ལ་མི་ཆུང་རྟགས་མའི་རྒྱལ་ཡོངས་བོད་ཀྱི་མཛའ་གཞས་འགྲན་སྡུར་དུ་བྱ་དགའ་ཨང་དང་པོ་ཐོབ།

ཐེམ་ཆེན་གྱི་གླུ་མ་གཡུ་སྒྲོན་འཚོ་ལ་མི་ཆུང་རྟགས་མའི་བོད་ཀྱི་མཛའ་གཞས་འགྲན་སྡུར་དུ་ཨང་དང་པོ་ཐོབ།
གླུ་མ་གཡུ་སྒྲོན་འཚོ།

     2015ལོའི་མི་ཆུང་རྟགས་མའི་རྒྱལ་ཡོངས་བོད་ཀྱི་མཛའ་གཞས་འགྲན་སྡུར་དེ། སྤྱི་ཟླ8པའི་ཚེས5ཉིན་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་གི་སྒ་སྐྱ་ལོའི་མཛེས་སྡུག་གི་རྩྭ་ཐང་ནས་མཇུག་བསྡུས།
     ཐེངས་འདིའི་མཛའ་གཞས་འགྲན་སྡུར་ལ། མཚོ་སྔོན་དང་། ཀན་སུའུ། ཟི་ཁྲོན། བོད་ལྗོངས་བཅས་ཀྱི་འགྲན་ཞུགས་པ་བཞི་ཅུ་ཙམ་ཞུགས་ཡོད་ལ། དཔྱད་འདེམས་པ་དག་གིས་གླུ་བ་གླུ་མ་དག་གི་གླུ་སྐད་དང་གླུ་གདངས་སོགས་ས་གནས་མི་འདྲ་བའི་དམངས་སྲོལ་རིག་གནས་ཀྱི་རྒྱབ་ལྗོངས་ལ་གཞི་བཅོལ་ཏེ། དྲང་བོ་དྲང་བཞག་གིས་དཔྱད་འདེམས་བྱས་པ་བརྒྱུད། ཐེམ་ཆེན་རྫོང་གི་གླུ་མ་གཡུ་སྒྲོན་འཚོ་ལ2015ལོའི་མི་ཆུང་རྟགས་མའི་རྒྱལ་ཡོངས་བོད་ཀྱི་མཛའ་གཞས་འགྲན་སྡུར་སྟེང་བྱ་དགའ་ཨང་དང་པོ་ཐོབ།


འབྲེལ་ཡོད་འོས་སྦྱོར།