logo

སྐབས་གཉིས་པའི་རྒྱལ་སྤྱིའི་ཚོང་དོན་སློབ་གླིང་གི་མཚོ་སྐོར་རིམ་འདས་ཐང་རྒྱུག་འགྲན་སྡུར་མགོ་བརྩམས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-07-29 ཀློག་གྲངས།:
     སྤྱི་ཟླ7པའི་ཚེས24ཉིན། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་སྐབས་གཉིས་པའི་རྒྱལ་སྤྱིའི་ཚོང་དོན་སློབ་གླིང་གི་མཚོ་སྐོར་རིམ་འདས་ཐང་རྒྱུག་འགྲན་སྡུར་མགོ་བརྩམས་ཤིང་། པེ་ཅིན་སློབ་ཆེན་དང་ཁྲང་ཅང་ཚོང་དོན་སློབ་གླིང་། ཀྲུང་གོ་དང་ཡོ་རོབ་གླིང་རྒྱལ་སྤྱིའི་ཚོང་དོན་སློབ་གླིང་། ཧྥུའུ་ཏན་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན་སོགས་མིང་གྲགས་ཅན་གྱི་སློབ་ཆེན་བཅུ་ནས་ཡོང་བའི་ཕུལ་བྱུང་མི་སྣ་བརྒྱ་དང་ལྔ་བཅུ་ལྷག་འགྲན་སྡུར་ལ་ཞུགས།
     ཐེངས་འདིའི་མཚོ་སྐོར་འགྲན་རྒྱུག་གི་སྤྱིའི་ལམ་ཐག་ལ་སྤྱི་ལེ100ཡོད་པ་དང་། རྒྱུག་ཡུན་ཉིན3ཡིན་ལ། བསྡོམས་པས་འགྲན་རིམ3དུ་བགོས་ཡོད། འགྲན་སྡུར་ལམ་ཐིག་དེ་གཙོ་བོ་བྱེ་སྒང་དང་མཐོ་སྒང་སྤང་ས། གྲོང་གསེབ་ཀྱི་ས་ལམ་བཅས་གཙོ་བོར་བྱས་ཡོད་པས། འགྲན་ཞུགས་པར་མཚོན་ན་འགྲན་སློང་ཚད་སྔར་ལས་ཆེ་ཞེས་བཤད་ཆོག སྐབས་དང་པོའི་རྒྱལ་ཁའི་ཉམས་མྱོང་བསྡུ་ལེན་བྱས་ནས། སྐབས་གཉིས་པའི་མཚོ་སྐོར་འགྲན་རྒྱུག་གི་རྣམ་པ་དེ་མུ་མཐུད་དུ་གསར་བཟོ་བྱེད་བཞིན་ཡོད་དེ། བསྐྱར་དུ་འཆར་འགོད་བྱས་པའི་མཚོ་སྐོར་ལམ་ཐིག་དང་རང་བྱུང་དང་ཐག་ཉེ་བའི་ཞག་སྡོད་བྱེད་ས། སྲོལ་རྒྱུན་གྱི་རྣམ་པ་དང་སྤྱོད་ཚུལ་ལྡན་པའི་བྱ་དགའ་སྟེར་བའི་མཛད་སྒོ་སོགས་འདུ་ལ། མི་འགྱངས་པར་འགྲན་ཞུགས་པ་དང་ལྟད་མོ་བའི་མིག་ལམ་དུ་རྣམ་པ་གསར་བའི་མཐོ་སྒང་གི་འགྲན་སྡུར་ཞིག་མངོན་པར་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།