བོད་ལྗོངས་སུ་འོང་སྐོར་དུས་ཆེན་ལ་རྟ་རྒྱུག་འགྲན་བསྡུར་སྤེལ་བ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-07-23
ཀློག་གྲངས།:

རྟ་རྩལ་འགྲན་པ།

རྟ་རྩལ་འགྲན་པ།

རྟ་རྩལ་འགྲན་པ།

རྟ་རྩལ་འགྲན་པ།

རྟ་རྩལ་འགྲན་པ།

རྟ་རྩལ་འགྲན་པ།
ཟླ་བདུན་པའི་ནང་བོད་ལྗོངས་ཀྱི་ས་ཆ་སོ་སོས་ལོ་རེའི་འོང་སྐོར་དུས་ཆེན་ལ་རོལ་བཞིན་པའི་དུས་ལ། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་སྒ་ཡུལ་ཚོའི་རྟ་རྩལ་པ་རྣམས་ཀྱིས་ཚེས21ཉིན་ལུས་ལ་གཟབ་མཆོར་སྤྲས་ཏེ་རྟ་རྒྱུག་འགྲན་བསྡུར་སྤེལ།
ཐོག་མའི་དུས་སུ་འོང་སྐོར་དུས་ཆེན་ནི་ལྷ་ལ་མཆོད་དེ་ལོ་ལེགས་འབྱུང་བར་སྨོན་ལམ་འདེབས་པ་ཡིན་ཞིང་། རྗེས་སུ་རིམ་བཞིན་རྟ་རྒྱུག་དང་། མདའ་འཕེན། གླུ་གར། བོད་ཀྱི་ཟློས་གར་སོགས་དམངས་ཁྲོད་ཀྱི་བྱ་འགུལ་རབས་དང་རིམ་པ་སྤེལ་ཏེ་ལོ་ཧྲིལ་བོར་ངལ་རྩོལ་གྱི་རྔུལ་ཁྲག་བཏོན་པའི་ཞིང་བ་རྣམས་ཀྱིས་ཉིན་འདིར་ལུས་ལ་གཟབ་མཆོར་སྤྲས་ཏེ་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་བ་ཡིན།
འབྲེལ་ཡོད་འོས་སྦྱོར།
