《གཙོད་གྲོང་གི་ལས་དབང》ཞེས་པའི་བརྙན་ཐུང་ཀན་ལྷོ་ནས་ཕབ་མགོ་ཚུགས།
《གཙོད་གྲོང་གི་ལས་དབང》ཞེས་པའི་བརྙན་ཐུང་ཀན་ལྷོ་ནས་ཕབ་མགོ་ཚུགས།
གཙོ་འཁྲབ་པ་དགེ་འདུན་ཕུན་ཚོགས།
གཙོ་འཁྲབ་པ་ཝང་ཡུས་ཐོང་།
ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ན་གཞོན་འཁྲབ་ཁྲིད་པ་པདྨ་ཚེ་རིང་ལགས་ཀྱི《གཙོད་གྲོང་གི་ལས་དབང》ཞེས་པའི4Kགློག་བརྙན་ཐུང་བ་དེ2015ལོའི་ཟླ7པའི་ཚེས14ཉིན་ཕབ་མགོ་ཚུགས་ཤིང་། མདོ་ལྷོ་གློག་བརྙན་འཕྲིན་རྒྱ་ཁྱབ་ཚད་ཡོད་འགན་འཁྲི་ཀུང་སིས་བརྙན་ལེན་གྱི་འགན་ཁུར་ཅིང་འདི་ནི་མིག་སྔར་ཀན་ལྷོ་ས་ཁུལ་གྱི4Kགློག་བརྙན་ཐུང་བ་ཐོག་མ་ཡིན།
《གཙོད་གྲོང་གི་ལས་དབང》ཞེས་པར་བོད་ཀྱི་ན་ཆུང་ཁེ་ལས་བ་དོན་འགྲུབ་དང་ནང་ལོགས་ཀྱི་བུ་མོ་ཁྲིན་མའོ་གཉིས་བར་བྱུང་བའི་བརྩེ་དུངས་ཀྱི་གཏམ་རྒྱུད་དེ་ཀན་ལྷོའི་མཛེས་སྡུག་གི་རི་ཆུ་དང་ཡུལ་སྲོལ་གོམས་གཤིས་སོགས་རྒྱུད་སྐུད་གཅིག་ལ་བསྟར་ནས་སྤེལ་མར་བརྗོད་འདུག དེ་ལས་མི་རིགས་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དང་རིག་གནས་རྒྱབ་ལྗོངས་སོགས་གསེད་ཡོད་ཅིང་། ཀན་ལྷོ་ས་ཆའི་བོད་ཀྱི་ན་གཞོན་དག་གི་གནས་བབ་ཀྱང་ཟུར་ནས་མཚོན།
ཐེངས་འདིའི་གློག་བརྙན་གྱི་གཙོ་འཁྲབ་པ་ནི་བོད་ཀྱི་ན་གཞོན་འཁྲབ་སྟོན་པ་དགེ་འདུན་ཕུན་ཚོགས་དང་ནང་ལོགས་ཀྱི་ན་གཞོན་འཁྲབ་སྟོན་པ་ཝང་ཡུས་ཐོང་གཉིས་ཡིན། གློག་བརྙན་གྱི་འཁྲབ་སྟོན་ཟུར་བ་ལ་མགོན་པོ་འཚོ་དང་བདེ་སྐྱིད་ལྷ་མོ། སངས་རྒྱས་སོགས་ཞུགས།