མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་བཅུ་བའི་ཁྲོད་ཀི་ཝ་ཚི་ལ་ཡང་བསྐྱར་བྱ་དགའ་ཨང་དང་པོ་ཐོབ།
2015ལོའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་བཅུ་བ་སྟེ་ཀན་སུའུ་ཞིང་ཆེན་
ཐེན་ཧྲོས་གྲོང་ཁྱེར་དུ་སྐོར་བ་རྒྱག་པའི་འགྲན་བསྡུར།
སི་ལའོ་ཝུན་ཉི་ཡའི་ཨེར་ཏི་ལིས་ཡཱ་མོ་པེར་རུ་ཁག་གི་ལཱ་ཏའོ་སི་ཧྥུ་ལ་སྤྱིའི་
གྲུབ་འབྲས་ཨང་དང་པོ་མཚོན་པའི་སྟོད་ལྭ་སེར་བོ་ཐོབ།
སི་ལའོ་ཝུན་ཉི་ཡའི་ཨེར་ཏི་ལིས་ཡཱ་མོ་པེར་རུ་ཁག་གི་མཱ་ཁི་ལ་བྱ་དགའ་ཨང་གསུམ་པ་དང་
ཕུལ་དུ་བྱུང་བའི་མཐའ་མའི་གདོང་མཆོང་བྱེད་མཁན་
གྱི་མཚོན་རྟགས་སྟོད་ལྭ་ལྗང་གུ་ཐོབ།
སྤྱི་ཟླ7པའི་ཚེས15ཉིན། 2015ལོའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་བཅུ་བ་སྟེ་ཀན་སུའུ་ཞིང་ཆེན་ཐེན་ཧྲོས་གྲོང་ཁྱེར་རུ་སྐོར་རྒྱག་པའི་འགྲན་བསྡུར་སྤེལ་བ་དང་། དུས་ཚོད་གཉིས་རིང་གི་འགྲན་བསྡུར་བརྒྱུད་དེ། ཝུའུ་ཁི་ལན་ཨ་མོ་ཨེར་ཝེ་ཐཱ་རུ་ཁག་གི་ཀི་ཝ་ཚི་ལ་འགྲན་རིམ་བཅུ་བའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཐེ་ཝན་བྱང་མའིRTSསིན་ཏིས་ཁི་རུ་ཁག་གི་པའོ་ལིས་སི་དང་སི་ལའོ་ཝུན་ཉི་ཡའི་ཨེར་ཏི་ལིས་ཡཱ་མོ་པེར་རུ་ཁག་གི་མཱ་ཁི་གཉིས་ལ་སོ་སོར་བྱ་དགའ་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ།
འགྲན་རིམ་བཅུ་བ་མཇུག་རྫོགས་རྗེས། སི་ལའོ་ཝུན་ཉི་ཡའི་ཨེར་ཏི་ལིས་ཡཱ་མོ་པེར་རུ་ཁག་གི་ལཱ་ཏའོ་སི་ཧྥུ་ལ་སྤྱིའི་གྲུབ་འབྲས་ཨང་དང་པོ་མཚོན་པའི་སྟོད་ལྭ་སེར་བོ་ཐོབ་པ་དང་། ཧོ་སེར་ཡིན་ལ་སྔར་བཞིན་ཨེ་ཤ་ཡའི་ཆེས་བཟང་བའི་ལྕགས་རྟ་ཞོན་མཁན་གྱི་མཚོན་རྟགས་སྟོད་ལྭ་སྔོན་པོ་ཐོབ་ལ། སི་ལའོ་ཝུན་ཉི་ཡའི་ཨེར་ཏི་ལིས་ཡ་མོ་པེར་རུ་ཁག་གི་མཱ་ཁི་ལ་ཡང་བསྐྱར་ཕུལ་དུ་བྱུང་བའི་མཐའ་མའི་གདོང་མཆོང་བྱེད་མཁན་གྱི་མཚོན་རྟགས་སྟོད་ལྭ་ལྗང་གུ་ཐོབ། སྟོད་ལྭ་ཁྲ་ཁྲ་དེ་སྔར་བཞིན་ཉིན་ཞ་ལུས་རྩལ་རྒྱམ་ཤོག་ཧྥི་ཁི་སུ་རུ་ཁག་གི་ཁི་ལོ་ལཱ་ཏོ་ལ་བྱིན།
ཐེན་ཧྲོས་ལ་སྐོར་རྒྱག་པའི་འགྲན་རྒྱུག་གི་འགྲན་ལམ་ཧྲིལ་བོའི་རིང་ཚད་ལ་སྤྱི་ལེ་བརྒྱ་མ་གཏོགས་མེད་ལ། སྐབས་འདིའི་འགྲན་རྒྱུག་གི་འགྲན་ལམ་རིང་ཚད་ཆེས་ཐུང་བའི་འགྲན་རིམ་ཡང་ཡིན་པ་དང་། འགྲན་རིམ་ཁྲོད་བསྡོམས་པས་གདོང་མཆོང་བྱེད་ས་གསུམ་བཙུགས་ཡོད། འགྲན་ལམ་ཧྲིལ་བོའི་མཚོ་ངོས་མཐོ་ཚད་སྨི1145དང་སྨི1193གྱི་བར་མཚམས་སུ་ཡོད་པ་དང་། འགྲན་ལམ་ཡང་ཧ་ཅང་ཡང་ཁོད་ཡངས་ཤིང་བདེ་པོ་ཡོད།