མཚོ་སྔོན་ཞིང་ཆེན་ཆ་འཕྲིན་ཐོན་ལས་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་ཟི་ལིང་དུ་བསྡུས་པ།

སྤྱི་ཟླ6པའི་ཚེས17ཉིན། འཕྲིན་སྦྲེལ་དྲ་བ་དང་གྲངས་མཛོད་ཆེན་པོ་བཀོལ་སྤྱོད་ཀྱི་བརྗོད་དོན་འཆད་ཁྲིད་དང་མཚོ་སྔོན་ཞིང་ཆེན་ཆ་འཕྲིན་ཐོན་ལས་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་དེ་ཟི་ལིང་དུ་བསྡུས།
གྲོས་ཚོགས་སུ། མཚོ་སྔོན་ཞིང་ཆེན་ཆ་འཕྲིན་ཐོན་ལས་མཐུན་ཚོགས་བཙུགས་ཏེ་མཚན་བྱང་བཀོད་པ་དང་། གསར་དུ་བཙུགས་པའི་ཆ་འཕྲིན་ཐོན་ལས་མཐུན་ཚོགས་ཀྱི་ཚོགས་མི་ཁྲོད་མཚོ་སྔོན་ཞིང་ཆེན་གློག་རྡུལ་ཐོན་རྫས་བཟོ་སྐྲུན་ལས་རིགས་དང་། འཕྲིན་གཏོང་ཞབས་ཞུའི་ལས་རིགས། མཉེན་ཆས་ཞབས་ཞུའི་ལས་རིགས། སློབ་ཆེན་ཁག་དང་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་གཉེར་བ་སོགས་ཐད་ཀྱི་ལས་ཁུངས་དང་ཁེ་ལས་འདུས། མ་ཟད། མཚོ་སྔོན་ཞིང་ཆེན་ཆ་འཕྲིན་ལྟེ་གནས་དང་། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། མཚོ་སྔོན་པཎྜི་ཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟི། མཚོ་སྔོན་དགེ་ཐོན་སློབ་ཆེན་རྩིས་འཁོར་སློབ་གླིང་སོགས་ལས་ཁུངས་དང་ཁེ་ལས34ནི་མཚོ་སྔོན་ཞིང་ཆེན་ཆ་འཕྲིན་ཐོན་ལས་མཐུན་ཚོགས་སྐབས་དང་པོའི་ལས་འཛིན་པའི་ལས་འཛིན་ལས་ཁུངས་སུ་བདམས།