འབའ་རྫོང་གིས་ཁུལ་དང་རྫོང་གི་བུད་མེད་ལས་བྱེད་ཀྱི་ཟུང་གཉིས་རོགས་སྐྱོར་བྱ་འགུལ་སྤེལ།

འབའ་རྫོང་གིས་ཁུལ་དང་རྫོང་གི་བུད་མེད་ལས་བྱེད་ཀྱི་ཟུང་གཉིས་རོགས་སྐྱོར་བྱ་འགུལ་སྤེལ།

འབའ་རྫོང་གིས་ཁུལ་དང་རྫོང་གི་བུད་མེད་ལས་བྱེད་ཀྱི་ཟུང་གཉིས་རོགས་སྐྱོར་བྱ་འགུལ་སྤེལ།
ཟླ5བའི་ཚེས25ཉིན། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་མང་ཚོགས་དང་མཉམ་འབྲེལ་བྱེད་པའི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཞིས་སྲུང་བྱིས་པ་དང་དཀའ་ངལ་ཁྱིམ་ཚང་གི་བྱིས་པར་མཉམ་འབྲེལ་རོགས་སྐྱོར་བྱེད་པར། འབའ་རྫོང་གིས་ཁུལ་དང་རྫོང་གི་བུད་མེད་ལས་བྱེད་ཀྱིས་གཞིས་སྲུང་བྱིས་པ་དང་དཀའ་ངལ་ཁྱིམ་ཚང་གི་བྱིས་པར་མཉམ་འབྲེལ་རོགས་སྐྱོར་བྱེད་པའི་རོགས་སྐྱོར་བྱ་འགུལ་སྤེལ།
མཚོ་ལྷོ་ཁུལ་ཨུས་ཐེངས་འདིའི་བྱ་འགུལ་ལ་མཐོང་ཆེན་གང་ལེགས་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཁུལ་བུད་མེད་དང་བྱིས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་སྒྲོན་དང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའམ་ཀྲུའུ་ཞི་ཀྲོའོ་ཀོས་ལིན་གཉིས་ཀྱིས་དངོས་སུ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་ལས་བྱེད་ཁྲིད་དེ་རྫོང་ཨུའི་ཧྲུའུ་ཅི་ཚེ་རིང་ཐར་དང་སྲིད་གྲོས་ཀྲུའུ་ཞི་ཞིས་ཏུང་ཧྥིན་བཅས་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཕེབས་རོགས་བྱས་ནས་ཟུང་གཉིས་མཉམ་འབྲེལ་རོགས་སྐྱོར་བྱ་འགུལ་ལ་ཞུགས།
བྱ་འགུལ་འདིས་རྫོང་ཡོངས་ཀྱི་ནང་ཁུལ་ནས་དམིགས་བསལ་ཅན་གྱི་བྱིས་པར་དོ་ཁུར་བྱེད་པའི་བྱ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་དང་། སྔར་ལས་ལྷག་པར་རྫོང་ཡོངས་ཀྱི་གཞིས་སྲུང་བྱིས་པ་དང་དཀའ་ངལ་ཁྱིམ་ཚང་གི་བྱིས་པར་བརྩེ་སེམས་སྦྱིན་པའི་བྱ་འགུལ་སྤེལ་པར་སྐུལ་འདེད་བྱས།
ཉེ་བའི་ལོ་འགའི་རིང་། མིག་སྔར། རྫོང་ཡོངས་སུ་བྱམས་ལྡན་ཨ་མ96གིས་དུས་ཡུན་རིང་བོར་གཞེས་སྲུང་བྱིས་བ་དང་དཀའ་ངལ་ཁྱིམ་ཚང་གི་བྱིས་པ112ལ་རོགས་སྐྱོར་བྱས་ལ། རྫོང་ཡོངས་སུ་སྡོམ་པའི་སྤྱི་ཚོགས་ལས་རིགས་སོ་སོའི་བྱམས་སེམས་ཞལ་འདེབས་སྒོར་ཁྲི30ལྷག་དང་ལེན་བྱས་ཏེ། གཞེས་སྲུང་བྱིས་པ་དང་དཀའ་ངལ་ཁྱིམ་ཚང་གི་བྱིས་པ་དཀའ་ཁག་ལས་ཐར་ཏེ་སློབ་མཐར་ཕྱིན་ཏུ་བཅུག
