logo

འཆམ་མཐུན་འབའ་རྫོང་བརྗོད་བྱའི་སྐོར་བྲོའི་འགྲན་བསྡུར་བསྡུས་པ།

རྩོམ་པ་པོ།:གཅོད་པ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-30 ཀློག་གྲངས།:

འཆམ་མཐུན་འབའ་རྫོང་བརྗོད་བྱའི་སྐོར་བྲོའི་འགྲན་བསྡུར་བསྡུས་པ།
འཆམ་མཐུན་འབའ་རྫོང་བརྗོད་བྱའི་སྐོར་བྲོའི་འགྲན་བསྡུར་བསྡུས་པ།


བྱ་དགའ་གནང་བ།

     ཟླ5པའི་ཚེས25ཉིན། འབའ་རྫོང་དྲིལ་སྒྲོག་པུའུ་དང་རྫོང་སློབ་གསོ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། གུང་གཞོན་ཚོགས་པ་རྫོང་ཨུ་བཅས་ཀྱིས་མཉམ་འབྲེལ་སྒོས་འཆམ་མཐུན་འབའ་རྫོང་བརྗོད་བྱ་ཡིན་པའི་སྐོར་བྲོའི་འགྲན་བསྡུར་བསྡུས། རྫོང་ཡོངས་ཀྱི་རུ་ཁག12དང་མི380ལྷག་ཐེངས་འདིའི་སྐོར་བྲོའི་འགྲན་བསྡུར་ལ་ཞུགས། 
     ཐེངས་འདིའི་སྐོར་བྲོའི་འགྲན་བསྡུར་གྱི་ནང་དོན་ནི་མཚོ་ལྷོའི་སྐོར་བློ་གཉིས་བ་ཡིན་ལ། ཨ་མདོ་དང་ཁམས་པ། དབུས་གཙང་བཅས་ཀྱི་གླུ་དང་རྩེད་རིགས། བྲོ་དང་གཞས་སོགས་གླུ་དབྱངས་ཀྱི་གྲུབ་ཆ་དང་ཞབས་བློའི་སྟབས་སྟབས། བོད་རིགས་ཀྱི་སྲོལ་རྒྱུན་གླུ་དབྱངས་དང་གླུ་གར་བཅས་ཟུང་ཏུ་འདྲེས་ཤིང་། སྣ་མང་ཕུན་སུམ་ཚོགས་པའི་དེང་རབས་ཀྱི་སྐོར་བྲོ་ཞིག་ཡིན། 
     ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར། རྐ་འབའ་སུམ་མདོ་གྲོང་རྡལ་སྡོད་ཁུལ་དང་པོ་དང་གཉིས་པ། རྫོང་མི་རིགས་སློབ་འབྲིང་དང་པོ་དང་རྫོང་མི་རིགས་སློབ་འབྲིང་གཉིས་པ་བཅས་ཀྱི་འཐུས་ཚབ་རུ་ཁག་ལ་སོ་སོར་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ་པ་དང་། ཞིང་ཕྱུགས་དང་ནགས་ལས། ཆུ་བེད་དང་གློག་འདོན་བཅས་མ་ལག་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ། རྐ་འབའ་སུམ་མདོ་གྲོང་རྡལ་ལ་ཕུལ་བྱུང་ཐུན་མོང་གི་བྱ་དགའ་ཐོབ།


འབྲེལ་ཡོད་འོས་སྦྱོར།