མཚོ་སྔོན་མི་རིགས་སློབ་ཆེན་གྱིས་འབའ་རྫོང་གི་རྐ་འབའ་སུམ་མདོ་གྲོང་རྡལ་ལ་བརྙན་འཕྲིན་འཕྲུལ་ཆས250བྱིན་པ།
མཚོ་སྔོན་མི་རིགས་སློབ་ཆེན་གྱིས་འབའ་རྫོང་གི་རྐ་འབའ་སུམ་མདོ་
གྲོང་རྡལ་ལ་བརྙན་འཕྲིན་འཕྲུལ་ཆས250བྱིན་པ།
ཉེ་སྔོན། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་མཚོ་ལྷོ་ཁུལ་འབའ་རྫོང་གི་རྐ་འབའ་སུམ་མདོ་གྲོང་རྡལ་ལ་བརྙན་འཕྲིན་འཕྲུལ་ཆས་སྟེར་བའི་མཛད་སྒོ་དེ་རྐ་འབའ་སུམ་མདོ་གྲོང་རྡལ་གོང་མ་སྡེ་བ་ནས་བསྡུས། མཚོ་སྔོན་མི་རིགས་སློབ་ཆེན་རྩ་འཛུགས་པུའི་འགོ་གཙོ་སོགས་སློབ་གྲྭའི་འགོ་ཁྲིད་དང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཏང་ཨུ། སྲིད་གཞུང་གི་འགན་འཁུར་མི་སྣ་གཙོ་བོ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། མང་ཚོགས་ཀྱི་ཚབ་བྱེད་བཅས་བརྙན་འཕྲིན་འཕྲུལ་ཆས་སྟེར་བའི་མཛད་སྒོར་ཞུགས།
མཚོ་སྔོན་མི་རིགས་སློབ་ཆེན་དང་རྐ་འབའ་སུམ་མདོ་གྲོང་རྡལ་གཉིས་ཀྱིས་ཁ་གཏད་རོགས་སྒྲུབ་ཀྱི་འབྲེལ་བ་བཟུང་ནས་ལོ་དུ་མང་འགོར། ལོ་མང་རིང་། སློབ་གྲྭའི་ཏང་ཨུའི་ཚད་མཐོ་བའི་མཐོང་ཆེན་དང་ཐུགས་ཁུར་འོག སློབ་གྲྭའི་དགེ་སློབ་ཡོངས་ཟུར་ཞུགས་བྱས་པར་བརྟེན་དབུལ་སྐྱོར་བྱ་བར་གྲུབ་འབྲས་ངེས་ཅན་བླངས།ད་ལོར་ཡང་།མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཧུར་ཐག་གིས་ཚོན21ཅན་གྱིTCLམཚོན་ལྡན་བརྙན་འཕྲིན་འཕྲུལ་ཆས250གྲབ་གསོག་བྱས་ནས།འབའ་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པ་བརྒྱུད།སྲུང་སྐར་བསྡུ་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱས་ཏེ་དཀའ་ངལ་ཅན་གྱི་མང་ཚོགས་ལ་བགོས་སྤྲོད་བྱས།མཚོ་སྔོན་མི་རིགས་སློབ་ཆེན་གྱི་མགོ་ཁྲིད་ཀྱིས་བཤད་རྒྱུར།དབུལ་སྐྱོར་དབུལ་སེལ་བྱ་འགུལ་སྤེལ་བ་བརྒྱུད།སློབ་གྲྭའི་དགེ་སློབ་རྣམས་ཀྱིས་སྔར་ལས་ལྷག་པའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་། ཞིང་ཆེན་གྱི་གནས་ཚུལ།དམངས་ཀྱི་འདོད་བློ།རོང་འབྲོག་ས་ཁུལ་བཅས་ལ་རྒྱུས་ལོན་བྱས་ཏེ་སྤྱི་ཚོགས་ཀྱི་ཉམ་ཆུང་ཚོགས་པར་སྔར་ལས་གཟིགས་སྐྱོང་དང་སློབ་གྲྭ་དང་རོང་འབྲོག་མང་ཚོགས་ཀྱི་བརྩེ་སེམས་སྔར་ལས་ཟབ་པར་བྱས།