logo

《གསོ་རིག་རྒྱུད་བཞི》ཀྲུང་གོའི་ཡིག་ཚགས་ཀྱི་དཔྱད་ཡིག་ཤུལ་བཞག་ཏུ་ཚུད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-21 ཀློག་གྲངས།:
     ཉེ་ཆར། 《གསོ་རིག་རྒྱུད་བཞི》དེ་རིག་དངོས་དཔྱད་ཡིག་གི་མིང་ཐོག་ནས《ཀྲུང་གོའི་ཡིག་ཚགས་ཀྱི་དཔྱད་ཡིག་ཤུལ་བཞག་གི་མིང་ཐོ》ཁག་བཞི་པར་ཚུད།
     བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་འགོ་གཙོ་ཡེ་ཤེས་གཡང་འཛོམས་ཀྱིས་འདོད་པ་ལྟར་ན། ཀྲུང་གོའི་ཡིག་ཚགས་ཀྱི་དཔྱད་ཡིག་ཤུལ་བཞག་བཟོ་བཀོད་ལག་བསྟར་བྱས་པ་དེས་ཡིག་ཚགས་རྩ་ཆེན་སྔོག་འདོན་དང་། དཔྱད་ཡིག་ཤུལ་བཞག་སྲུང་སྐྱོང་། ལོ་རྒྱུས་ཀྱི་ཤེས་དཔལ་རྒྱུན་འཛིན། སྤྱི་ཚོགས་ཀྱི་ཡིག་ཚགས་འདུ་ཤེས་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་ཐད་ལ་དགེ་མཚན་རབ་ཏུ་ལྡན།
     བོད་ལུགས་གསོ་རིག་དང་བོད་སྨན་ནི་ས་ལའི་སྨན་ལྗོངས་འདིར་ལོ་ངོ2300ལྷག་གི་ལོ་རྒྱུས་ལྡན་ཞིང་། མིག་སྔར་ཆེས་ཆ་ཚང་ཤིང་ཤུགས་རྐྱེན་ཟབ་པའི་མི་རིགས་ཀྱི་གསོ་རིག་སྨན་རྫས་ཤིག་ཡིན་ལ། དེར་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་དང་ནད་ཐོག་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡིན། དེའི་མཚུངས་སུ། དེ་ནི་འཛམ་གླིང་གི་སྲོན་རྒྱུན་གསོ་རིག་ཆེན་པོ་བཞིའི་གྲས་ཤིག་ཀྱང་ཡིན།


འབྲེལ་ཡོད་འོས་སྦྱོར།