logo

ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར་གསུམ་ལོན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-12 ཀློག་གྲངས།:


ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར་
གསུམ་ལོན་པ་དང་རིག་རྩལ་པའི་བཞུགས་མོལ་ཚོགས་འདུ་བསྡུས།

     སྤྱི་ཟླ5བའི་ཚེས8ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར་གསུམ་ལོན་པ་དང་རིག་རྩལ་པའི་བཞུགས་མོལ་ཚོགས་འདུ་ཡུལ་ཤུལ་ཁུལ་དུ་བསྡུས་ཤིང་། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་ཕུན་ཚོགས་ཟླ་བས་ཚོགས་འདུ་ལ་མདོ་འཛིན་མཛད་པ་མ་ཟད་བྱ་བའི་སྙན་ཞུ་ཕུལ། ཡུལ་ཤུལ་ཁུལ་གྱི་རིག་གནས་ལས་ཁུངས་སོ་སོ་དང་རིག་རྩལ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བ། དེ་མིན་རིག་རྩལ་བྱ་སྒྲུབ་པ་དང་རིག་རྩལ་ལ་དགའ་མོས་ཡོད་མཁན་སོགས་མི་སྣ60ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
     ཚོགས་ཐོག་ཏུ་ཡུལ་ཤུལ་ཁུལ་ཕྱོགས་བསྡུས་ལས་རིགས་སློབ་གྲྭའི་བོད་རིག་པའི་ཆེད་མཁས་པ་སྦྱིན་པ་རིན་ཆེན་དང་། གེ་སར་སྒྲུང་བ་ཟླ་བ་བཀྲ་བྷ། མཛེས་རྩལ་པའི་མཐུན་ཚོགས་ཀྱི་འཐུས་ཚབ་པ་འཇམ་དབྱངས་ཉི་མ། རྩོམ་པ་པོ་མཐུན་ཚོགས་ཀྱི་འཐུས་ཚབ་པ་ཚེ་རིང་དོན་གྲུབ། ཡུལ་ཤུལ་གྲོང་ཁྱེར་སྲིད་གྲོས་ཀྱི་རྩོམ་རིག་ལོ་རྒྱུས་ཨུ་ཡོན་ལྷན་ཚོགས་ཀྱི་འགོ་གཙོ་ཉི་མ་ཚེ་རིང་། དགེ་རྒན་གྱི་འཐུས་ཚབ་པ་དཀོན་མཆོག་ཚེ་རིང་སོགས་ཀྱིས་བྱ་བའི་གནས་ཚུལ་དང་རྗེས་ཕྱོགས་ཀྱི་འཆར་གཞི་སོགས་སྙན་ཞུ་ཕུལ།

ཡུལ་ཤུལ་རིག་གནས་འཕེལ་རྒྱས་ཐད་བྱས་རྗེས་བཞག་པའི་མི་སྣ་དག་ལ་རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྲུབ་འབྲས་ཀྱི་བྱ་དགའ་གནང་བ།
ཡུལ་ཤུལ་རིག་གནས་འཕེལ་རྒྱས་ཐད་བྱས་རྗེས་བཞག་པའི་མི་སྣར་རྩོམ་རིག་
སྒྱུ་རྩལ་གསར་རྩོམ་གྲུབ་འབྲས་ཀྱི་བྱ་དགའ་གནང་།

     གྲོས་ཚོགས་སུ། ཡུལ་ཤུལ་རིག་གནས་འཕེལ་རྒྱས་ཐད་བྱས་རྗེས་བཞག་པའི་མི་སྣ་དག་ལ་རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྲུབ་འབྲས་ཀྱི་བྱ་དགའ་གནང་བ་མ་ཟད། འབྲེལ་ཡོད་རྩོམ་པ་པོས་དཔེ་དེབ་གསར་བ་སྤེལ་བའི་མཛད་སྒོ་བསྡུས།
     བཞུགས་མོལ་ཚོགས་འདུ་རུ་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་ཤེས་རབ་ཡོན་ཏན་གྱིས་གཏམ་བཤད་སྤེལ་བ་དང་། ཚོགས་ཞུགས་རྩོམ་པ་པོ་དང་སྒྱུ་རྩལ་པ་རྣམས་ཀྱིས་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་གསུམ་གྱི་ནང་ཡུལ་ཤུལ་གྱི་རིག་གནས་སྒྱུ་རྩལ་ཐད་བླངས་པའི་གྲུབ་འབྲས་ལ་ལྟ་ཚུལ་ལྷུག་པོར་བརྗོད།


གེ་སར་གྱི་སྒྲུང་བཤད་པ།

     གྲོས་ཚོགས་ཀྱི་རྗེས་སུ། ཡུལ་ཤུལ་གྱི་ས་ཁུལ་སོ་སོ་ནས་སླེབས་པའི་གེ་སར་སྒྲུང་བ་དང་གླུ་བ། གར་འཁྲབ་མཁན། རོལ་མོ་བ་སོགས་ཀྱིས་བག་བྲོ་བའི་རིག་རྩལ་གྱི་ལྟད་མོ་བསྟན་པ་རེད།


འབྲེལ་ཡོད་འོས་སྦྱོར།