logo

མཚོ་སྔོན་ཞིང་ཆེན་གྱི་ཐང་གའི་སྒྱུ་རྩལ་ནུས་རྩལ་འགྲན་བསྡུར་སྐབས་དང་པོའི་མིང་ཐོ་འགོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-04 ཀློག་གྲངས།:

     རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཐང་གའི་སྒྱུ་རྩལ་ནུས་རྩལ་འགྲན་བསྡུར་སྐབས་དང་པོ་ནི2015ལོའི་ཟླ6པའི་ཚེས20ཉིན་ནས་ཚེས27ཉིན་བར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་སྤེལ་རྒྱུ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ཐང་གའི་སྒྱུ་རྩལ་མཐུན་ཚོགས་གཞུང་སྒྲུང་ཁང་དང་མཚོ་སྔོན་ཞིང་ཆེན་ཐང་གའི་སྒྱུ་རྩལ་ལས་རིགས་ནུས་རྩལ་གསལ་འབྱེད་ཁང་། མཚོ་སྔོན་ཞིང་ཆེན་བསམ་གྲུབ་ཐང་གའི་སྒྱུ་རྩལ་ལས་རིགས་གསོ་སྦྱོང་སློབ་གྲྭ་བཅས་ཀྱིས་རོགས་སྒྲུབ་གནང་། འགྲན་བསྡུར་འདི་ནི་རྒྱལ་ཁབ་ཀྱི་རིགས་གཉིས་པའི་འགྲན་བསྡུར་དུ་བརྗོད་ལ། དེར་ནུས་རྩལ་འགྲན་བསྡུར་དང་། ཁྱད་རྫས་འགྲེམ་སྟོན། གླེང་སྟེགས་སོགས་ལས་ཐང་གའི་སྒྱུ་རྩལ་ངོམ་པ་ཡིན།
     འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་མིང་ཐོ་བཀོད་པའི་དགོས་མཁོ་དང་འགྲན་ཞུགས་ཆ་རྐྱེན་ལྟར་འགྲེམ་སྟོན་ལ་ཞུགས་པའི་བརྩམས་ཆོས་དང་སྒྱུ་རྩལ་མི་སྣ་ལ་ཐོབ་ཐང་ཞིབ་བཤེར་བྱས་ཏེ་ཁྱད་ནོར་ཐང་ག200ལ་གདན་ཞུའི་ཡི་གེ་བསྐུར་རྒྱུ་ཡིན་པ་དང་། མི་རེས་ཐང་ག1-3ལས་ཡར་ཞུ་བྱས་མི་ཆོག་ལ། མིང་ཐོ་འགོད་པའི་དུས་ནི་ཟླ5བའི་ཚེས30ཉིན་བར་རེད།
     དེ་ཡང་འགྲན་ཞུགས་ཀྱི་བརྩམས་ཆོས་ལེགས་པོ60ནི་རྟིང་རྩོད་དུ་ཞུགས་དགོས་ཤིང་། བྱ་དགའ་ཨང་དང་པོ6དང་གཟེངས་རྟགས་དཔང་ཡིག  དེ་མིན་རྒྱལ་ཁབ་ལས་རིགས་ཐོབ་ཐང་རིམ་པ་གཉིས་པའི་ལས་རིགས་ཐོབ་ཐང་དཔང་ཡིག  མཚོ་སྔོན་ཞིང་ཆེན་ལག་རྩལ་པའི་གཟེངས་རྟགས་བཅས་དང་། ཨང་གཉིས་པ8དང་གཟེངས་རྟགས་དཔང་ཡིག་ལས་གཞན་ད་དུང་གཞུང་ལུགས་ཤེས་བྱ་དང་ལག་ལེན་ནུས་རྩལ་སྐར་འབྲས་ཚད་མཐུན་ཅན་ལ་རྒྱལ་ཁབ་ལས་རིགས་ཐོབ་ཐང་གཉིས་པ་དང་གསུམ་པའི་ལས་རིགས་ཐོབ་ཐང་དཔང་ཡིག་གནང་རྒྱུ་དང་། ཨང་གསུམ་པ16དང་གཟེངས་རྟགས་དཔང་ཡིག དེ་མིན་གཞུང་ལུགས་ཤེས་བྱ་དང་ལག་ལེན་ནུས་རྩལ་སྐར་འབྲས་ཚད་མཐུན་ཅན་ལ་རྒྱལ་ཁབ་ལས་རིགས་ཐོབ་ཐང་གཉིས་པ་དང་གསུམ་པའི་ལས་རིགས་ཐོབ་ཐང་དཔང་ཡིག  ཕུལ་བྱུང་བྱ་དགའ30དང་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་གཟེངས་རྟགས་བཅས་ཡོད་ལ། མ་ཟད། ཐེངས་འདིའི་འགྲན་བསྡུར་དུ་ཚུད་པའི་མི་སྣར་འགྲན་ཞུགས་དཔང་ཡིག་གནང་རྒྱུ་རེད།
རྩ་འཛུགས་ཨུ་ཡོན་ལྷན་ཚོགས་གཞུང་སྒྲུབ་ཁང་གི་ས་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་དཔལ་འབྱོར་ལག་རྩལ་སྔོག་འདོན་ས་ཁུལ་མིན་ཧོ་ལམ་གྱི་ཨང39།
འབྲེལ་གཏུག་ཁ་པར། 0971-8829293
ལག་འཁྱེར་ཁ་པར། 13639735045
འབྲེལ་གཏུག་མི་སྣ། ཚེ་རིང་བསམ་གྲུབ། བཀྲ་ཤིས་གཡང་འཛོམས།
གློག་རྡུལ་ཡིག་ཟམ། qhstkysxh@126.com
སྦྲག་ཨང་། 810007


འབྲེལ་ཡོད་འོས་སྦྱོར།