ལྷ་སའི་གཙུག་ལག་ཁང་དུ་ཆོས་ཚོགས་སྤེལ་ཏེ་ས་འགུལ་དུ་གནོད་འཚེ་ཐེབས་མཁན་ལ་གསོལ་སྨོན་ཞུས་པ།

ལྷ་སའི་གཙུག་ལག་ཁང་གིས་ཆོས་ཚོགས་སྤེལ་ཏེ་ས་འགུལ་དུ་གནོད་འཚེ་ཐེབས་མཁན་ལ་གསོལ་སྨོན་ཞུས་པ།

ལྷ་སའི་གཙུག་ལག་ཁང་གིས་ཆོས་ཚོགས་སྤེལ་ཏེ་ས་འགུལ་དུ་གནོད་འཚེ་ཐེབས་མཁན་ལ་གསོལ་སྨོན་ཞུས་པ།
སྤྱི་ཟླ4བའི་ཚེས26ཉིན་གྱི་ཕྱི་དྲོའི་ཆུ་ཚོད6:30སྟེང་། ལྷ་སའི་གཙུག་ལག་ཁང་ཆེན་མོར་གྲྭ་བཙུན50ལྷག་འདུས་ཏེ་བལ་བོའི་ས་འགུལ་གནོད་འཚེ་ཐེབས་མཁན་རྣམས་ལ་གསོལ་སྨོན་ཞུས་པ་རེད།
གཙུག་ལག་ཁང་གི་གྲྭ་བཙུན་ཉི་མ་ཚེ་རིང་གིས་གསུང་རྒྱུར། ས་ཆ་ག་གེ་མོར་གནོད་འཚེ་ཆེན་མོ་ཐེབས་པ་དང་ཚེ་སྲོག་མང་པོས་སྡིག་མྱོང་བའི་དུས་སུ། ནང་བའི་དད་ལྡན་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་སྨོན་ལམ་འདེབས་པ་ལས་ཅི་ཡང་བྱ་མི་ཐུབ་ཅིང་། ས་འགུལ་གནོད་འཚེ་ལས་ཐར་བའི་མི་རྣམས་ཀྱིས་མགྱོགས་མྱུར་ངང་ཁྱིམ་གཞིས་སླར་བསྐྲུན་བྱེད་པ་དང་། ཚེ་སྲོག་ཤོར་མཁན་རྣམས་སྔ་མོ་ནས་འཁོར་བའི་འཁོར་བ་རུ་ཕེབས་པར་སྨོན་ལམ་འདེབས། ནང་བའི་ཆོས་ལུགས་ལ་རྒྱལ་ཁབ་ཀྱི་ཚད་བཀག་མེད་ལ། གནོད་འཚེ་ཐེབས་རྗེས་ང་ཚོས་ཀྲུང་གོའི་བོད་ལྗོངས་ཀྱི་གནོད་འཚེ་ཐེབས་མཁན་མང་ཚོགས་ལ་སྨོན་ལམ་འདེབས་པ་དང་མཉམ་དུ་བལ་བོའི་གནོད་འཚེ་ཐེབས་མཁན་རྣམས་ལ་ཡང་སྨོན་ལམ་བཏབ་ཡོད།
