logo

ཅེ་རིན་ཧྥུན་འཁོར་དང་བཅས་བས་འབའ་རྫོང་གི་གཙང་གསུམ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཆེད་དོན་རྟོག་ཞིབ་མཛད།

རྩོམ་པ་པོ།:གཅོད་པ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-24 ཀློག་གྲངས།:

     བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅེ་རིན་ཧྥུན་གྱིས་གཙང་གསུམ་འགོ་ཁུངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཐའ་དམ་པོར་སྐོར་ནས་འབའ་རྫོང་གིས་གཙང་གསུམ་འགོ་ཁུངས་ཀྱི་འཆར་འགོད་གཉིས་དངོས་འབེབས་དང་གཙང་གསུམ་འགོ་ཁུངས་འབྲོག་དམངས་གཏན་སྡོད་ཀྱི་གནས་སྡོད། འབྲོག་དམངས་འདུས་སྡོད་ལ་བྲལ་བའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་དང་སྐྱེ་ཁམས་གླིང་འཛུགས་སྐྲུན་སོགས་ཀྱི་གནད་དོན་དག་བཞུགས་མོལ་ཚོགས་འདུར་ཞུགས་པའི་ཚབས་བྱེད་དག་དང་གྲོས་མོལ་བྱས་བ་མ་ཟད། ཞིང་ཆེན་གྱི་གནས་བབ་དང་འབྲེལ་ནས་ཞིང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་ནུས་རྩལ་གསོ་སྦྱོང་དང་སློབ་ཆེན་སློབ་མའི་ལས་ཞུགས་གནད་དོན་སོགས་ལ་ཞིབ་ཚགས་སྒོས་དབྱེ་ཞིབ་བྱས།  བཞུགས་མོལ་ཚོགས་འདུའི་སྟེང་།ཚོགས་ཞུགས་འཐུས་མིས་འབའ་རྫོང་གི་དོན་དངོས་དང་འབྲེལ་ནས། འབའ་རྫོང་གི་ཁོ་རྒྱ་ཐང་སོགས་སྡོད་ཁུལ་འཛུགས་བསྐྲུན་ལོ་ཚད་རིང་བ་དང་། སྡོད་ཁང་བདེ་འཇགས་རང་བཞིན་ཞན་པས་བདག་གཅེས་མཉམ་གསོའི་ནུས་ཤུགས་ཇེ་མཐོར་གཏོང་དགོས་བ་དང་། རང་བདག་གནས་སྤོར་ཡུལ་མིའི་གཙང་གསུམ་འབྱུང་ཡུལ་ཁ་གསབ་རོགས་དངུལ་ཁོངས་སུ་འཇོག་པ་དང་། གཙང་གསུམ་འབྱུང་ཡུལ་གནས་སྤོར་ཡུལ་མིའི་འདྲ་མཉམ་རོགས་སྐྱོར་བྱེད་པ། སྐྱེས་ཁམས་རོགས་སྐྱོར་མ་དངུལ་མཐོར་འདེགས་བྱེད་པ། ཞང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལེགས་བཅོས་བྱེད་པ། ལུགས་མཐུན་དགོས་གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱེད་པ། རྩ་ཐང་གི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ཤུགས་ཆེ་རུ་གཏོང་བ།གནས་སྤོར་ཡུལ་མིའི་གཞིས་ཆགས་ཁུལ་ཀྱིས་ཞང་འབྲོག་མང་ཚོགས་རྣམས་ཞང་  གྲོང་ཁྱིམ་ཐོའི་ཁུངས་སུ་འཇོག་པ་དང་། ཆེས་དམའ་བའི་ཁ་གསབ་རོགས་སྐྱོར་དང་།གསར་སྣོན་ཁྱིམ་ཚང་གི་ཐོན་སྐྱེད་འཚོ་བ་ཐག་གཅོད་བྱེད་པ། འབྲོག་པ་རྣམས་ལ་སྐྱེད་མེད་དངུལ་བུན་གཏོང་བ་དང་།འབྲོག་པ་མང་ཚོགས་རྣམས་ཀྱི་རྒྱུན་མཐུད་ལས་རིགས་འཕེལ་རྒྱས་དཀའ་ཁག་སོགས་ཐག་གཅོད་བྱེད་པ་དང་བསམ་འཆར་གྲོས་  གཞི་བཏོན།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅེ་རིན་ཧྥུན་འཁོར་དང་བཅས་བས་འབའ་རྫོང་གི་
གཙང་གསུམ་འགོ་ཁུངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཆེད་དོན་རྟོག་ཞིབ་མཛད།

     ཟླ4པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅེ་རིན་ཧྥུན་ཚོ་དཔོན་ཡིན་པའི་ཆེད་དོན་རྟོག་ཞིབ་ཚོ་ཆུང་འབའ་རྫོང་ཏུ་ཡོང་ནས་གཙང་གསུམ་འགོ་ཁུངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བར་རྟོག་ཞིབ་མཛད།
     རྟོག་ཞིབ་ཚོ་ཆུང་འཁོར་དང་བཅས་བ་མཚོ་ལྷོ་ཁུལ་གཙང་གསུམ་འགོ་ཁུངས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དགེ་འདུན་རྒྱ་དང་མཚོ་ལྷོ་ཁུལ་སྲིད་གྲོས་མི་རིགས་ཆོས་ལུགས་དང་སྤྱི་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རྐ་ཚེ་རིང་། རྫོང་ཨུའི་ཧྲུའུ་ཅུ་ཚེ་རིང་ཐར་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞེ་ཏུང་ཧྥུན། རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ཕག་མོ་ཚེ་རིང་། རྫོང་དཔོན་གཞོན་པ་ཚེ་སྐྱིད་སྒྲོལ་མ་སོགས་འགོ་ཁྲིད་ཀྱི་འགྲོ་རོགས་འོག འབའ་རྫོང་མཁར་སྡོད་ཁུལ་གསར་བ་གསེར་ཁང་སྡོད་ཁུལ་དང་ཞོལ་མ་ཞང་གསེར་ལུང་སྡོད་ཁུལ་སོགས་སུ་སོང་ནས་ཡུལ་དངོས་སུ་ནོར་ལུག་གསོ་སྤེལ་གནས་གཞི་དང་བོད་ལུགས་སྦྲ་གུར་འཚེམ་བཟོ་ལས་སྣོན་ཁང་། འབའ་རྫོང་སྐྱེ་ཁམས་ཐོན་ལས་ར་བ་འཛུགས་སྐྲུན་སོགས་སུ་སོང་ནས། ཞིབ་ཚགས་སྒོས་སྐྱེ་ཁམས་སྤོར་དམངས་སྤྱི་ཚོགས་དོ་དམ་དང་ཞིང་འབྲོག་མི་དམངས་ཀྱི་ལས་ཞུགས། ལས་རིགས་གསར་གཏོད་དང་སྐྱེ་ཁམས་དོ་དམ་ལྟ་སྲུང་མི་སྣ། རྗེས་མཐུད་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་བ་མ་ཟད། འབའ་རྫོང་གི་མི་རིགས་རིག་གནས་དང་ལྗོངས་རྒྱུ། སྐྱེ་ཁམས་ཞིང་ཕྱུགས་ལས་སོགས་ལྗང་མདོག་ཐོན་ལས་འཕེལ་རྒྱས་གནས་ཚུལ། གནས་བའི་གནད་དོན་དང་ཐབས་ཇུས་བསམ་འཆར་ལ་ཉན་པ་དང་།་རྫོང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་འགན་ཁུར་མི་སྣ། སྤོར་དམངས་སྡོད་ཁུལ་གྱི་འགན་ཁུར་བ་དང་སྐྱེ་ཁམས་སྤོར་དམངས། སྐྱེ་ཁམས་དོ་དམ་ལྟ་སྲུང་མི་སྣ་སོགས་མི40ལྷག་ཚབ་བྱེད་མི་སྣ་དང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་འབའ་རྫོང་གི་གཙང་གསུམ་འགོ་ཁུངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འབྲེལ་ཡོད་གནད་དོན་ལ་བཞུགས་མོལ་བརྗེ་རེས་བྱས།


མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅས་རིན་ཧྥུན།

     བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅེ་རིན་ཧྥུན་གྱིས་གཙང་གསུམ་འགོ་ཁུངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཐའ་དམ་པོར་སྐོར་ནས་འབའ་རྫོང་གིས་གཙང་གསུམ་འགོ་ཁུངས་ཀྱི་འཆར་འགོད་གཉིས་དངོས་འབེབས་དང་གཙང་གསུམ་འགོ་ཁུངས་འབྲོག་དམངས་གཏན་སྡོད་ཀྱི་གནས་སྡོད། འབྲོག་དམངས་འདུས་སྡོད་ལ་བྲལ་བའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་དང་སྐྱེ་ཁམས་གླིང་འཛུགས་སྐྲུན་སོགས་ཀྱི་གནད་དོན་དག་བཞུགས་མོལ་ཚོགས་འདུར་ཞུགས་པའི་ཚབས་བྱེད་དག་དང་གྲོས་མོལ་བྱས་བ་མ་ཟད། ཞིང་ཆེན་གྱི་གནས་བབ་དང་འབྲེལ་ནས་ཞིང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་ནུས་རྩལ་གསོ་སྦྱོང་དང་སློབ་ཆེན་སློབ་མའི་ལས་ཞུགས་གནད་དོན་སོགས་ལ་ཞིབ་ཚགས་སྒོས་དབྱེ་ཞིབ་བྱས།
     བཞུགས་མོལ་ཚོགས་འདུའི་སྟེང་།ཚོགས་ཞུགས་འཐུས་མིས་འབའ་རྫོང་གི་དོན་དངོས་དང་འབྲེལ་ནས། འབའ་རྫོང་གི་ཁོ་རྒྱ་ཐང་སོགས་སྡོད་ཁུལ་འཛུགས་བསྐྲུན་ལོ་ཚད་རིང་བ་དང་། སྡོད་ཁང་བདེ་འཇགས་རང་བཞིན་ཞན་པས་བདག་གཅེས་མཉམ་གསོའི་ནུས་ཤུགས་ཇེ་མཐོར་གཏོང་དགོས་བ་དང་། རང་བདག་གནས་སྤོར་ཡུལ་མིའི་གཙང་གསུམ་འབྱུང་ཡུལ་ཁ་གསབ་རོགས་དངུལ་ཁོངས་སུ་འཇོག་པ་དང་། གཙང་གསུམ་འབྱུང་ཡུལ་གནས་སྤོར་ཡུལ་མིའི་འདྲ་མཉམ་རོགས་སྐྱོར་བྱེད་པ། སྐྱེས་ཁམས་རོགས་སྐྱོར་མ་དངུལ་མཐོར་འདེགས་བྱེད་པ། ཞང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལེགས་བཅོས་བྱེད་པ། ལུགས་མཐུན་དགོས་གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱེད་པ། རྩ་ཐང་གི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ཤུགས་ཆེ་རུ་གཏོང་བ།གནས་སྤོར་ཡུལ་མིའི་གཞིས་ཆགས་ཁུལ་ཀྱིས་ཞང་འབྲོག་མང་ཚོགས་རྣམས་ཞང་གྲོང་ཁྱིམ་ཐོའི་ཁུངས་སུ་འཇོག་པ་དང་། ཆེས་དམའ་བའི་ཁ་གསབ་རོགས་སྐྱོར་དང་། གསར་སྣོན་ཁྱིམ་ཚང་གི་ཐོན་སྐྱེད་འཚོ་བ་ཐག་གཅོད་བྱེད་པ། འབྲོག་པ་རྣམས་ལ་སྐྱེད་མེད་དངུལ་བུན་གཏོང་བ་དང་།འབྲོག་པ་མང་ཚོགས་རྣམས་ཀྱི་རྒྱུན་མཐུད་ལས་རིགས་འཕེལ་རྒྱས་དཀའ་ཁག་སོགས་ཐག་གཅོད་བྱེད་པ་དང་བསམ་འཆར་གྲོས་གཞི་བཏོན།


འབྲེལ་ཡོད་འོས་སྦྱོར།