བོད་ལྗོངས་ལུས་རྩལ་པས་རྒྱལ་ཡོངས་དཔོང་ཕྱིའི་རྒྱུག་འགྲན་ལས་གྲུབ་འབྲས་ལེགས་པོ་བླངས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-04-15
ཀློག་གྲངས།:
ཉེ་ཆར། བོད་རང་སྐྱོང་ལྗོངས་ལུས་རྩལ་ནུས་རྩལ་སློབ་གྲྭའི་ལུས་རྩལ་པས་གྲུབ་པའི་བོད་ལྗོངས་འབྲིང་རིང་འགྲན་རྒྱུག་རུ་ཁག་རྒྱལ་ཡོངས་དཔོང་ཕྱིའི་རྒྱུག་འགྲན་སྐྱེས་འབུལ་འགྲན་བསྡུར་སྐབས་བཅུ་གསུམ་པར་ཞུགས་ཤིང་། ཛ་དྲག་གི་འགྲན་བསྡུར་བརྒྱུད། བོད་ལྗོངས་ལུས་རྩལ་པས་རྣམ་གྲངས་བཞི་ལས་ཨང་དང་པོ་བླངས། དེ་ལས་རྡོ་རྗེ་སྐྱབས་ཀྱིས་སྐྱེས་པའི་དར་མའི་རུ་ཁག་གི་སྤྱི་ལེ6ཡི་འགྲན་བསྡུར་ཁྲོད19′25″ལས་ཨང་དང་པོ་བླངས་ལ། རྟ་མགྲིན་ཚེ་རིང་གིས་སྐྱེས་པའི་ན་གཞོན་རུ་ཁག་སྤྱི་ལེ8་དང་སྤྱི་ལེ6ཡི་འགྲན་བསྡུར་ཁྲོད26′37″དང19′58″ལས་ཨང་དང་པོ་བླངས། ཟླ་བ་སྐྱིད་ལྷས་སྐྱེས་མའི་རྟེན་གཞི་རུ་ཁག་སྤྱི་ལེ4ཡི་འགྲན་བསྡུར་ཁྲོད14′17″ལས་ཨང་དང་པོ་བླངས།
འབྲིང་རིང་རྒྱུག་འགྲན་རུ་ཁག་གི་རུ་མི་མི་འགྱུར་ཉི་མ་དང་། སྤེན་ཕན། བསྟན་རྒྱས། ནོར་འཛིན་དབང་མོ་དང་། ཚེ་རིང་མཚོ་མོ། བཀྲ་ཤིས་གཡང་འཛོམས་སོགས་ལུས་རྩལ་པས་བོད་རང་སྐྱོང་ལྗོངས་ལ་རྣམ་གྲངས་གཉིས་ལས་ཨང་གཉིས་པ་དང་། རྣམ་གྲངས་གསུམ་ལས་ཨང་གསུམ་པ། རྣམ་གྲངས་གཅིག་ལས་ཨང་བདུན་པ། རྣམ་གྲངས་གསུམ་ལས་ཨང་བརྒྱད་པ་བཅས་ཀྱི་ཕུལ་བྱུང་གྲུབ་འབྲས་བླངས།

འབྲེལ་ཡོད་འོས་སྦྱོར།