བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་དངོས་ཉམས་གསོའི་རྣམ་གྲངས་ལྔ་ལས་འགོ་འཛུགས་རྒྱུ་ཡིན་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།: མི་དམངས་དྲ་བ།
དུས་ཚོད།:2015-04-04
ཀློག་གྲངས།:
ཟླ3པའི་ཚེས25ཉིན། ཀན་སུའུ་བསང་ཆུ་རྫོང་རིག་གནས་ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བླ་བྲང་དགོན་རིག་དངོས་གཙོ་གཟུགས་ཉམས་གསོའི་འགན་འཁུར་བ་བསོད་ནམས་རྒྱལ་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འཛམ་གླིང་གི་བོད་རིག་པ་གླིང་ཞེས་གྲགས་པའི་བླ་བྲང་དགོན་དུ་འདི་ལོ་རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་རྣམ་གྲངས་ལྔའི་ལས་མགོ་འཛུགས་རྒྱུ་ཡིན་པ་དེའི་ནང་རྣམ་གྲངས་གསུམ་ནི་རིག་དངོས་གཙོ་གཟུགས་ཉམས་གསོ་ཡིན་པ་དེ་དག་དུས་འཁོར་གྲྭ་ཚང་དང་། དུས་འཁོར་གྲྭ་ཚང་གི་ཚོམས་ཆེན། སྙན་གྲགས་ཚང་ནང་ཆེན་བཟོ་སྐྲུན་དངོས་པོ་ཡིན་པ་དང་གཞན་ཡང་ལྡེབས་རིས་ཉམས་གསོའི་ལས་གྲྭ་དང་ཐོག་འགོག་མ་ལག་ལས་གྲྭ་ཡོད་ཅེས་བཤད་པ་རེད།
ད་བར་བླ་བྲང་དགོན་གྱི་རིག་དངོས་སྲུང་སྐྱོབ་ལས་གྲྭའི་ཁོངས་སུ་གཏོགས་པའི་རིག་དངོས་གཙོ་གཟུགས་སྲུང་སྐྱོབ་དང་ཉམས་གསོའི་རྣམ་གྲངས་ནང་རྣམ་གྲངས14ལས་འགོ་ཚུགས་པ་རེད། ད་བར་ལོ305ཡི་ལོ་རྒྱུས་ཡོད་པའི་བླ་བྲང་དགོན་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གདན་ས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། སྤྱིའི་གཞི་ཁྱོན་སྨི་ངོས་གྲུ་ཁྲི86.6ཡོད་པ་རེད། ད་ཆ་སློབ་གླིང་ཆེ་ཁག་དྲུག་དང་། ལྷ་ཁང48རྩ་ཆེའི་གནའ་དཔེ་ཁྲི6.8ལྷག་ཙམ། གྲྭ་ཤག600ལྷག་ཙམ་བཅས་དང་དེ་བཞིན་རིག་དངོས་མང་པོ་ཉར་ཚགས་བྱ་རྒྱུ་ཆ་ཚང་ཙམ་བྱུང་བས་འཛམ་གླིང་གི་བོད་རིག་པ་གླིང་ཞེས་བརྗོད་ཚུལ་ཡོད་པ་དང1982ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གནད་ཆེའི་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས་པ་རེད།
ཟླ3པའི་ཚེས25ཉིན་གསར་འགོད་པས་བླ་བྲང་དགོན་ཉམས་གསོ་བྱེད་ཚུལ་སྐོར་བཅར་འདྲི་བྱེད་སྐབས་བསོད་ནམས་རྒྱལ་དང་དགོན་སྡེ་དོ་དམ་ཨུ་ལྷན་རིག་དངོས་སྲུང་སྐྱོབ་ཚོགས་ཆུང་གི་དགེ་འདུན་པ་ཚོས་ས་གནས་ས་ཐོག་ཏུ་ལས་གྲྭར་ལྟ་སྐུལ་བྱེད་བཞིན་ཡོད་པ་རེད། བསོད་ནམས་རྒྱལ་གྱིས་བླ་བྲང་དགོན་གྱི་རིག་དངོས་ཉམས་གསོ་བྱེད་པའི་རྩ་དོན་ནི་ཉམས་གསོ་ཇི་མ་ཇི་བཞིན་བྱ་རྒྱུ་དེ་རེད། འདི་ལོ་ལས་འགོ་ཚུགས་པའི་རིག་དངོས་སྲུང་སྐྱོབ་ཀྱི་རྣམ་གྲངས་ལྔ་པོ་དེར་མ་འཇོག་སྒོར་ཁྲི3000(མི་དམངས་ཤོག་སྒོར།གཤམ་དུ་གཅིག་མཚུངས་ཡིན)བྱ་རྒྱུ་རེད་ཅེས་བཤད་པ་རེད།
བསོད་ནམས་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཏུན་ཧོང་ཞིབ་འཇུག་ཁང་གིས་འགན་ཁུར་བའི་བླ་བྲང་དགོན་གྱི་ལྡེབས་རིས་ཉམས་གསོའི་རྣམ་གྲངས་ནི་འདི་ལོ་ཐོག་མར་ལས་མགོ་ཚུགས་པ་ཡིན་པ་དང་ཉམས་གསོའི་གཞི་ཁྱོན་སྨི་ངོས་གྲུ8000ལྷག་ཙམ་ཡོད་པ་རེད།
2012ལོའི་ཟླ་དགུ་པར་གཞུང་ཕྱོགས་ཀྱིས་སྤྱིའི་མ་འཇོག་སྒོར་དུང་ཕྱུར3.05བྱ་རྒྱུ་ཡིན་པའི་བླ་བྲང་དགོན་གྱི་རིག་དངོས་སྲུང་སྐྱོབ་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་པ་དེའི་ནང་རིག་དངོས་གཙོ་གཟུགས་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ་དང་། ཤིང་གི་གྲུབ་ཆའི་སྣུམ་ཚོན་དང་ཚོན་རིས་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ། ལྡེབས་རིས་ཉམས་གསོ་དང་སྲུང་སྐྱོབ་ལས་གྲྭ བདེ་འཇགས་འགོག་སྲུང་མ་ལག་གི་ལས་གྲྭ མེ་ཟོན་མ་ལག་གི་ལས་གྲྭ ཐོག་འགོག་མ་ལག་གི་ལས་གྲྭ གློག་ལམ་འོད་འགྱེད་ལས་གྲྭ ཁོར་ཡུག་བཅོས་སྐྱོང་བཅས་རྣམ་གྲངས8ཚུད་ཡོད་པ་རེད། བསོད་ནམས་རྒྱལ་གྱིས་དེ་ནི་བླ་བྲང་དགོན་བཞེངས་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཡོངས་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཐེངས་དང་པོ་ཡིན་པ་དང་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་པར་དུས་ཚོད་ལོ8ཙམ་འགོར་གྱི་ཡོད་ཅེས་བཤད་པ་རེད།

འབྲེལ་ཡོད་འོས་སྦྱོར།