logo

བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཁག55ཡོད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2015-04-03 ཀློག་གྲངས།:
     ཉེ་ལམ་བོད་ལྗོངས་རིག་དངོས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་བོད་ལྗོངས་སུ་གནའ་ཤུལ་དང་། གནའ་བོའི་བཟོ་སྐྲུན། གནའ་རབས་དུར་ཁྲོད་བཅས་འདུས་པའི་སྤོ་སྒྱུར་བྱེད་མི་ཆོག་པའི་རིག་དངོས་སྲུང་སྐྱོབ་ས་ཚིགས4277ཡོད་པ་དང་། དེའི་ཁྲོད་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཁག55ཡོད།
     བོད་ལྗོངས་རིག་དངོས་ཅུའུ་ཡི་ཅུའུ་ཀྲང་བཟང་པོས་བཤད་རྒྱུར། མིག་སྔར་བོད་ལྗོངས་སུ་ཐོ་འགོད་བྱས་ཡོད་པའི་རིགས་དངོས་སྲུང་སྐྱོབ་ས་ཚིགས་རིགས་སོ་སོ4277ཡོད་པ་དང་། རིམ་པ་སོ་སོའི་རིག་དངོས་སྲུང་སྐྱོབ་སྡེ་ཚན1424ཡོད་ལ། དེའི་ཁྲོད་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཁག55དང་། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག391། རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག978བཅས་འདུས།


འབྲེལ་ཡོད་འོས་སྦྱོར།