logo

འབོལ་རྩོམ་པ་གྲགས་ཅན་མི་ལ་ཙི་ཙི་དང་ཁོའི་བསྐོར་བསྐྱོད་འགྲུལ་བཞུད།

རྩོམ་པ་པོ།:བསྟན་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-03 ཀློག་གྲངས།:


མི་ལ་ཙི་ཙིའམ་ཕུན་ཚོགས་རྒྱལ་གྱི་ཉེ་པར།

     བོད་ཀྱི་འབོལ་རྩོམ་མཁན་དང་རྩོམ་རིག་སྒྱུ་རྩལ་དཔྱད་བརྗོད་པ་མི་ལ་ཙི་ཙིའམ་ཕུན་ཚོགས་རྒྱལ་ནི2015ལོའི་ཟླ4བའི་ཚེས2ཉིན་མདོ་སྨད་གནའ་མཁར་ཟི་ལིང་གྲོང་ཁྱེར་ནས་ལམ་དུ་ཆས་ཏེ། མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན། ཡུན་ནན། བོད་ལྗོངས་སོགས་ཀྱི་བོད་ཁམས་མ་ལུས་པར་བསྐོར་བསྐྱོད་བྱེད་མགོ་བརྩམས།

འབོལ་རྩོམ་པ་གྲགས་ཅན་མི་ལ་ཙི་ཙི་དང་ཁོའི་བསྐོར་བསྐྱོད་འགྲུལ་བཞུད།
གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་དུས།

     ཐེངས་འདིའི་འགྲུལ་བཞུད་བསྐོར་བསྐྱོད་བརྒྱུད་ནས་བོད་ཁམས་སྤྱིའི་རང་བྱུང་དང་། རིག་གནས། སྤྱི་ཚོགས་ཀྱི་གནས་སྟངས་སོགས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་དང་དཔྱད་ཞིབ། འཚོལ་ཞིབ་བྱེད་རྒྱུ་རེད།
     རྒྱུས་ལོན་བྱས་པ་ལྟར་ན་མི་ལ་ཙི་ཙིས་ཁེར་རྐྱང་ངང་ལྕགས་རྟར་ཞོན་ཏེ་བོད་ཁམས་ས་ཁུལ་མ་ལུས་པར་འགྲོ་འཆར་ཡོད་ལ། ཕལ་ཆར་དུས་ཡུན་ཟླ་བ9ལྷག་གི་དུས་ཚོད་དགོས་རྒྱུ་རེད་ཟེར།
     མི་ལ་ཙི་ཙི་ནི་བོད་ཀྱི་འབོལ་རྩོམ་རྩོམ་པ་པོ་དང་རྩོམ་རིག་སྒྱུ་རྩལ་དཔྱད་བརྗོད་པ་ཞིག་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ་ཁོས་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་སྣང་ཚུལ་མང་པོར་གནད་ལ་འཐིམས་ཤིང་རང་སྐྱ་ཐུབ་པ། ལངས་ཚིགས་ཐུབ་པའི་དཔྱད་བརྗོད་མང་པོ་སྤེལ་ནས་གྲགས་འགུལ་མི་དམན་པ་བཟོས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།