logo

སི་ཁྲོན་གྱི་བོད་དམག་ཚོ་བས་ལོ་རེའི་རི་བསྐོར་དུས་ཆེན་བསུ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-23 ཀློག་གྲངས།:


སི་ཁྲོན་གྱི་བོད་དམག་ཚོ་བས་ལོ་རེའི་རི་བསྐོར་དུས་ཆེན་བསུ་བ།

     ཟླ3པའི་ཚེས21ཉིན་ཏེ་ལུགས་རྙིང་གི་ཟླ2པའི་ཚེས2ཉིན། སི་ཁྲོན་བོད་དམག་ཚོ་བའི་རི་བསྐོར་དུས་ཆེན་མགོ་བརྩམས་ཤིང་། བྱེད་སྒོ་འདི་ཟླ4བའི་ཚེས20བར་རྒྱུན་སྤེལ་རྒྱུ་ཡིན་པ་དང་། འདིའི་སྐབས་སུ་བོད་དམག་ཚོ་བ་བཅོ་བརྒྱད་ནས་ཐོན་པའི་བུད་མེད་དག་གིས་མཛེས་སྡུག་གི་སྲོལ་རྒྱུན་གཟབ་མཆོར་སྤྲས་པ་དང་སྐྱེས་པ་རྣམས་ཀྱིས་གདོང་འབག་གྱོན་ཏེ་མེ་ཕོང་ལ་བསྐོར་ནས་བྲོ་འཁྲབ་པ་དང་ཆང་འབུལ་བ་སོགས་བྱེད་པ་ཡིན།

སི་ཁྲོན་གྱི་བོད་དམག་ཚོ་བས་ལོ་རེའི་རི་བསྐོར་དུས་ཆེན་བསུ་བ།
སི་ཁྲོན་གྱི་བོད་དམག་ཚོ་བས་ལོ་རེའི་རི་བསྐོར་དུས་ཆེན་བསུ་བ།

     རི་བསྐོར་དུས་ཆེན་གྱི་བྱེད་སྒོ་འདིར་རི་བསྐོར་དང་། སྡོང་བསྐོར། མཚོ་བསྐོར།  མེ་བསྐོར་སོགས་ཁག་དུ་མར་དབྱེ་ཞིང་། ཡུལ་ལྷ་གཞི་བདག་གིས་ལོ་གསར་བའི་ནང་བཀྲ་ཤིས་བདེ་ལེགས་འབྱུང་བར་མགོན་སྐྱབས་བྱེད་པར་རེ་སྨོན་ཞུས་པ་ཡིན།


འབྲེལ་ཡོད་འོས་སྦྱོར།