བདེ་ཆེན་སེམས་ཀྱི་ཉི་ཟླའི་དུས་འཁོར་དཀྱིལ་འཁོར་ལ་ཅི་ཉི་སིའི་ངོས་དཔང་ཐོབ།

བདེ་ཆེན་སེམས་ཀྱི་ཉི་ཟླའི་དུས་འཁོར་དཀྱིལ་འཁོར།
ཟླ3པའི་ཚེས12ཉིན། མ་དངུལ་སྒོར་དུང་ཕྱུར5བཏང་སྟེ་འཛུགས་སྐྲུན་གནང་བའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དེ་མི་འགྱངས་པར་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་ཡིན་ཞིང་། མཛད་སྒོའི་སྔན་དགོང་མོར། ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་ངོས་དཔང་པ་སྐྱེས་མ་ལེ་སཱLisaཡིས་དུས་ཡུན་ཆུ་ཚོད3རིང་ལ་ཡུལ་དངོས་ལྟ་བཤེར་བྱས་ཏེ། དཔལ་དུས་ཀྱི་འཁོར་ལོའི་བློས་བསླངས་དཀྱིལ་འཁོར་དེ་མིག་སྔར་འཛམ་གླིང་སྟེང་གཞི་རྒྱ་ཆེས་ཆེ་ཞིང་བཟོ་རྩལ་ཆེས་ལེགས་པའི་བློས་བསླངས་དཀྱིལ་འཁོར་ཡིན་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། “གཞི་རྒྱ་ཆེས་ཆེ་བའི་བློས་བསླངས་དཀྱིལ་འཁོར”འཛམ་གླིང་གི་ཟིན་ཐོ་བསྐྲུན། འདི་ནི་བློས་བསླངས་དཀྱིལ་འཁོར་ཞེས་པའི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟོ་རྩལ་ལ་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་ངོས་དཔང་ཐོབ་པ་མ་ཟད། ཅི་ཉི་སི་ལ་ཡང་རྣམ་གྲངས་མི་མཚུངས་པའི་རིགས་གཞན་ཞིག་ཁ་སྣོན་བྱས།

བདེ་ཆེན་སེམས་ཀྱི་ཉི་ཟླའི་དུས་འཁོར་དཀྱིལ་འཁོར་ལ་ཅི་ཉི་སིའི་ངོས་དཔང་ཐོབ།
དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དེ་བདེ་ཆེན་ཁུལ་དཀྱིལ་དབུས་ཀྱི་ཤམ་བྷ་ལའི་དུས་འཁོར་དཀྱིལ་འཁོར་ཐོག་ཁང་ཆེན་མོའི་ཁང་བརྩེགས་བརྒྱད་པར་ཡོད་ཅིང་། དེའི་མཐོ་ཚད་ལ་སྨི8དང་ཞབས་ངོས་ཀྱི་ཚངས་ཐིག་ལ་སྨི14ཡིན།
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཤམ་བྷ་ལའི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནི་སེམས་ཀྱི་ཉི་ཟླའི་མཚོན་བྱེད་རང་བཞིན་གྱི་འཛུགས་སྐྲུན་ཞིག་ཡིན་ཞིང་མཁར་དབུས་ཀྱི་དཀྱིལ་འཁོར་ཐང་ཆེན་དུ་ཡོད། དེ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡུལ་སྐོར་མཐུན་ཚོགས་ཀྱིས་མ་དངུལ་བཏོན་ཏེ་འཛུགས་སྐྲུན་གནང་།
