མཚོ་ལྷོ་ཁུལ་གྱིས་སློབ་མའི་ནད་བརྟག་ཆ་འཕྲིན་མ་ལག་འཛུགས་མགོ་བརྩམས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།
དུས་ཚོད།:2015-03-08
ཀློག་གྲངས།:
ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང་། མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་གཉིས་ཀྱིས《མཚོ་ལྷོ་ཁུལ་འབྲིང་ཆུང་སློབ་མ་ནད་ཀྱིས་མནར་ནས་སློབ་ཁྲིད་ལ་ཆད་པའི་ལྟ་སྐུལ་ཚོད་ལྟའི་བྱ་བའི་བྱེད་ཐབས》གཏན་འཁེལ་བྱས་ལ། ཁུལ་ཡོངས་ཀྱི་སློབ་གྲྭ་བཅུ་ལ་ནད་ཡམས་སྔོན་འགོག་གི་ལྟ་སྐུལ་ཚོད་ལྟའི་མ་ལག་བཙུགས་པར་མ་ཟད། འབྲིང་ཆུང་སློབ་གྲྭའི་སློབ་མ་ནད་ཀྱིས་མནར་ནས་སློབ་ཁྲིད་ལ་ཆད་པའི་ལྟ་སྐུལ་ཚོད་ལྟའི་ཆ་འཕྲིན་མ་ལག་འཛུགས་འགོ་བརྩམས་ནས། ཁུལ་ཡོངས་ཀྱི་སློབ་མའི་ནད་ཀྱི་གནས་ཚུལ་ལ་དུས་ལྟར་རྒྱུས་ལོན་བྱེད་ཐུབ་པར་མ་ཟད། སློབ་མའི་ནད་ཡམས་ལྟ་སྐུལ་ཚོད་ལྟའི་ཉེན་བརྡ་གཏོང་བའི་བྱ་བའི་སྒྲིག་ཆས་འཛུགས་སྐྲུན་བྱས།
མཚོ་ལྷོ་ཁུལ་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་བྱེད་ཐབས་བཀོལ་ནས། འབྲེལ་ཡོད་སློབ་གྲྭར་ནད་ཡམས་སྔོན་འགོག་གི་ལྟ་སྐུལ་ཚོད་ལྟའི་དྲ་རྒྱ་བཙུགས་ལ། ད་སྔ། ཁུལ་ཡོངས་ཀྱི་སློབ་གྲྭ་མང་ཆེ་བ་ཞིག་ཏུ་རིགས་སྣ་མང་གི་ནད་ཡམས་ལྟ་སྐུལ་ཚོད་ལྟའི་མ་ལག་སྒྲིག་ཆས་བཙུགས་ནས་རྒྱུན་ལྡན་ལྟར་བཀོལ་སྤྱོད་བྱས་ཏེ། སློབ་གྲྭའི་ནང་ཁུལ་དུ་གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ལ་བརྟག་དཔྱད་བྱེད་པར་ནུས་པ་མི་དམན་པ་བཏོན།

འབྲེལ་ཡོད་འོས་སྦྱོར།